མཁན་པོ་ཟླ་བ་ཚེ་རིང་། Khenpo Dawa Tsering: Difference between revisions
(Created page with "__FORCETOC__ ===གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile=== བལ་ཡུལ་ཌོལ་པ་...") |
No edit summary |

Line 4: | Line 4: | ||
===གཏམ་བཤད་བཅུད་དོན། Abstract=== | ===གཏམ་བཤད་བཅུད་དོན། Abstract=== | ||
མཁན་པོ་ཟླ་བ་ཚེ་རིང་གི་བཅུད་དོན། | མཁན་པོ་ཟླ་བ་ཚེ་རིང་གི་བཅུད་དོན། | ||
༄༅། །ཆོས་ཀུན་གཟིགས་པའི་ཡེ་ཤེས་མེ་དཔུང་གིས།།
| ༄༅། །ཆོས་ཀུན་གཟིགས་པའི་ཡེ་ཤེས་མེ་དཔུང་གིས།།

སྒྲིབ་གཉིས་བུད་ཤིང་མ་ལུས་བསྲེགས་པའི་མགོན།།
| སྒྲིབ་གཉིས་བུད་ཤིང་མ་ལུས་བསྲེགས་པའི་མགོན།།

ཐུགས་རྗེས་ལྕགས་ཀྱུས་འགྲོ་རྣམས་འདྲེན་མཛད་པ།།
| ཐུགས་རྗེས་ལྕགས་ཀྱུས་འགྲོ་རྣམས་འདྲེན་མཛད་པ།།

འདྲེན་མཆོག་ཐུབ་པའི་དབང་པོར་གུས་པས་འདུད།།
| འདྲེན་མཆོག་ཐུབ་པའི་དབང་པོར་གུས་པས་འདུད།།
</center | ||
དེ་ཡང་སྟོན་པ་བདེ་བར་གཤེགས་པས་གདུལ་བྱའི་ཁམས་དང་མོས་པ་དང་འཚམས་པའི་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་ནང་ནས་སྐབས་འདིར་བརྗོད་དོན་མཐར་ཐུག་པ་འཁོར་ལོ་མཐའ་མ་ངེས་དོན་གྱི་མདོ་སྡེ་དག་ན་གསལ་བའི་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་འབྲེལ་བའི་རྨོངས་འཆར་འགའ་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་གཞིར་བཟུང་གླེང་བར་བྱ་བ་ལ། བདེ་གཤེགས་སྙིང་པོ་དང་འབྲེལ་བའི་གཏམ། འབྲི་གུང་བཀའ་བརྒྱུད་པའི་ཉམས་བཞེས་དང་འབྲེལ་བའི་སྐོར་རོ།། དང་པོ་ལ་གཉིས་ཏེ། རང་ལུགས་དམ་ཆོས་དགོངས་པ་གཅིག་པ་གཙོ་བོར་གྱུར་པའི་རང་གཞུང་དག་ལས་ཇི་ལྟར་གསུངས་པའི་ཚུལ། དེ་དང་མཐུན་པར་བཀའ་བརྒྱུད་གོང་མ་རྣམས་དང་རྒྱལ་བའི་བཀའ་ལ་སོགས་པ་ལས་ཇི་ལྟར་བསྟན་པའི་ཚུལ་ལོ།། དང་པོ་ནི། སྤྱིར་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལ་སོགས་པའི་ངེས་དོན་སྙིང་པོ་བསྟན་པའི་མདོ་དག་གི་དགོངས་འགྲེལ་རྒྱུད་བླ་མའི་བསྟན་བཅོས་ཀྱི་དགོངས་པ་ལེན་ཚུལ་ལ་བོད་གངས་ཅན་གྱི་ལྗོངས་སུ་ལོ་ཙཱ་བ་ཆེན་པོ་ལས་བརྒྱུད་པའི་རྗེས་དཔག་ལམ་དུ་བྱེད་པའི་བཤད་སྲོལ་དང་། ལོ་ཙཱ་བ་གཟུ་བཙན་རྣམ་གཉིས་ལས་བརྒྱུད་པའི་མངོན་སུམ་ལམ་དུ་བྱེད་པའི་བཤད་སྲོལ་མི་མཐུན་པ་གཉིས་བྱུང་བ་ལས་རང་ལུགས་བཤད་སྲོལ་གཉིས་པའི་རྗེས་སུ་འབྲངས་ནས་འཆད་པར་སེམས་སོ།། དམ་ཆོས་དགོངས་པ་གཅིག་པའི་ཆོས་འཁོར་གྱི་ཚོམས་ལས། རང་བཞིན་རྣམ་དག་བྲལ་འབྲས་ཡོན་ཏན་ལྡན།། བྱང་ཕྱོགས་སོ་བདུན་བདེ་གཤེགས་སྙིང་པོར་ཡོད།། ཅེས་པ་དང་། དགོངས་པ་གཅིག་པའི་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་འདི་ནི་སངས་རྒྱས་ཀྱི་ཡོན་ཏན་རྣམས་མ་ཚང་བ་མེད་པ་ཞིག་ཡིན་ཏེ། གཞིའི་དུས་ན་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཐམས་ཅད་དང་དབྱེར་མེད་དུ་གནས་པ་ཞིག་ཡིན་ལ། ཞེས་གསུངས་སོ།། དེ་བཞིན་རྣལ་འབྱོར་པ་ཞེ་སྡང་རྡོ་རྗེའམ་ངོར་རྗེ་རས་པས་ཐེག་ཆེན་བསྟན་པའི་སྙིང་པོ་ལས། རང་བཞིན་རྣམ་དག་འགྱུར་མེད་ཆོས་ཀྱི་སྐུ།། མ་རིག་སྤྲིན་གྱིས་སྲིད་པའི་འཁོར་ལོར་བསྒྲིབས།། དག་པས་ཟག་མེད་མྱ་ངན་འདས་པ་འཐོབ།། ཅེས་གསུངས་པ་ལྟར་སྤང་བྱ་གློ་བུར་གྱི་དྲི་མས་རང་གི་ངོ་བོར་གོས་མ་མྱོང་ཞིང་འབྲས་བུའི་ཆོས་ཀུན་འབྲལ་མེད་དུ་སྙིང་པོའི་གཤིས་ལ་རང་ཆས་སུ་ཡོད་དོ།། གཉིས་པ་ནི། དྭགས་པོ་ཐར་རྒྱན་ལས། དང་པོ་རང་བཞིན་གྱི་གནས་པའི་རིགས་ནི། སངས་རྒྱས་ཀྱི་ཆོས་སྐྱེད་པའི་ནུས་པ། ཐོག་མ་མེད་པའི་དུས་ཅན། ཆོས་ཉིད་ཀྱིས་ཐོབ་པའོ། ཞེས་གསུངས་པ་དང་། རྒྱུད་བླ་མའི་ཚིག་དོན་རྣམ་པ་འགྲེལ་བ་ལས། ཁམས་ཀྱི་ངོ་བོ་སྒྲོ་སྐུར་གཉིས་དང་བྲལ་བའི་ཆོས་ཉིད་དོ། ཅིས་ཤེས་ན་ཡན་ལག་རྒྱས་པར་བཤད་པ་ལས། འདི་ལ་བསལ་བྱ་ཅི་ཡང་མེད།། ཁམས་དེ་ལ་དབྱེ་བ་གསུམ་སྟེ། སེམས་ཅན་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཁམས་བཅས་སོ། དེ་ལྟར་ཡང་རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་།། ཤིན་ཏུ་རྣམ་དག་གོ་རིམ་བཞིན།། སེམས་ཅན་བྱང་ཆུབ་སེམས་དཔའ་དང་།། སངས་རྒྱས་རྣམས་ལ་རིམ་བཞིན་བརྗོད།། ཅེས་གསུངས་པ་ལྟར། གནས་སྐབས་ཀྱི་དབྱེ་བ་གསུམ་དུ་མཆིས་ཀྱང་དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་དམ་ཁམས་ཀྱི་ངོ་བོ་བཟང་ངན་དང་འཕེལ་འགྲིབ་ཀྱི་ཁྱད་པར་མེད་པས་ངོ་བོ་དབྱེར་མེད་དུ་གྲུབ་བོ། ། སྒྲ་སྒྱུར་མར་པས། ཅི་ཁམས་ལ་དབྱེ་བ་གསུམ་བྱས་པས་ཁམས་ཆོས་ཉིད་དེ་དུམ་བུའམ་ངོ་བོ་ཐ་དད་གསུམ་དུ་ཐལ་ལོ་ཞེ་ན། ཞེས་པ་ལ་དབྱེ་བ་གསུམ་བྱས་ཀྱང་ངོ་བོ་ཐ་དད་པ་མེད་དེ་གནས་སྐབས་ཐ་དད་ཀྱི་སྒོ་ནས་བཞག་གོ། དཔེར་ན་ལྷ་སྦྱིན་གྱི་ངོ་བོ་གཅིག་ལ་གནས་སྐབས་ཐ་དད་པའི་དུས་སུ་མིང་ཐ་དད་དུ་བཏགས་ཏེ། རྩྭ་བརྔ་དུས་སུ་རྩྭ་བརྔ་བའི་ལྷ་སྦྱིན། ཆུ་ཆུ་མའི་ལྷ་སྦྱིན། ཕྱེ་འཐག་པའི་ལྷ་སྦྱིན། མིང་ཐ་དད་དུ་བཏགས་པ་ལྟར་སེམས་ཅན་ལ་འཇུག་ཙ་ན། མ་དག་པའི་གནས་སྐབས་ཡིན་པས་སེམས་ཅན་གྱི་ཁམས་ཡིན་པས་སེམས་ཅན་ཁམས་ཞེས་མིང་དུ་བཏགས། དག་པ་དང་མ་དག་པ་གཉིས་ཀའི་གནས་སྐབས་སྐུ་བྱང་ཆུབ་སེམས་དཔའི་ཁམས་ཞེས་བཏགས། སངས་རྒྱས་ལ་འཇུག་ཙ་ན་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ཡིན་པས་སངས་རྒྱས་ཀྱི་ཁམས་ཞེས་མིང་དུ་བཏགས་པའོ།། ཞེས་གསུངས་སོ།། བདེ་གཤེགས་སྙིང་པོའི་མཚན་གྱི་རྣམ་གྲངས་ནི། རང་བཞིན་འོད་གསལ་བའི་སེམས། རང་བཞིན་རྣམ་དག་གི་སངས་རྒྱས། དྲི་མ་དང་བཅས་པའི་དེ་བཞིན་ཉིད། བདེ་བར་གཤེགས་པའི་སྙིང་པོ། སེམས་ཀྱི་ངོ་བོ། རང་བཞིན། མཚན་ཉིད། ཐ་མལ་པའི་ཤེས་པ། གཞིའི་ཕྱག་ཆེན། གཞིའི་ལྷན་སྐྱེས། སེམས་ཉིད་ལྷན་སྐྱེས། རང་བཞིན་ལྷན་སྐྱེས། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། རང་བྱུང་གི་ཡེ་ཤེས། ཞེས་པ་ལ་སོགས་པ་མཁས་གྲུབ་གོང་མ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་མན་ངག་གི་གཞུང་དག་ལས་བརྗོད་ཚུལ་སྣ་ཚོགས་པས་བརྗོད་ཀྱང་དོན་ལ་བདེ་བར་གཤེགས་པའི་སྙིང་པོ་རང་ལས་ལོགས་ན་གོ་རྒྱུ་གཞན་ཞིག་མེད་པར་སེམས་སོ།། དེས་ན་ཆོས་རྗེ་སྒམ་པོ་པས་། འོ་སྐོལ་གྱི་ཕྱག་རྒྱ་ཆེན་པོ་འདིའི་གཞུང་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླའི་བསྟན་བཅོས་ཡིན་ནོ།། སངས་རྒྱས་ཀྱི་ཡེ་ཤེས་སམ་ཆོས་དབྱིངས་དེ་བཞིན་ཉིད་འདི་འགྲོ་བ་ཀུན་གྱི་རྒྱུད་ལ་ཇི་ལྟར་གནས་ཤེ་ན། ཕུང་པོ་རྣམ་དཔྱད་ཀྱི་སྟོང་པ་ལྟར་སྟོང་རྐྱང་པ་ཞིག་རང་བཞིན་གནས་རིགས་སུ་མི་འཇོག་པར་སྤང་བྱ་གློ་བུར་གྱི་དྲི་མ་འབྲལ་རུང་དང་། བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཐམས་ཅད་དང་ཐ་དད་དུ་མེད་པས་བྲལ་མི་ཤེས་པ་དང་། གདོད་ནས་སངས་རྒྱས་ཀྱི་ཡོན་ཏན་དང་རྣམ་པར་དབྱེར་མེད་ཅིང་མི་སྟོང་པ་དེ་སེམས་ཅན་གྱི་ཁམས་རྒྱུད་ལ་ཡོད་པར་བཞེད་དོ།། དཀོན་བརྩེགས་ལེའུ་ཞེ་བརྒྱད་པ་དཔལ་ཕྲེང་སེང་གེའི་སྒྲ་ཡི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པ་ཉིད་ཤེས་པ་ནི་འདི་གཉིས་ལགས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་དང་ཐ་དད་དུ་གནས་པ་མ་གྲོལ་བས་ཤེས་པ་རྣམས་ཀྱིས་སྟོང་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོའི་སངས་རྒྱས་ཀྱི་ཆོས་ཐ་དད་དུ་མི་གནས་ཤིང་གྲོལ་བས་ཤེས་པ་བསམ་གྱིས་མི་ཁྱབ་པ་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་སྙེད་དག་གིས་མི་སྟོང་པ་ལགས་སོ།། ཞེས་དང་། དེ་བཞིན་དུ་ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་རིམ་པ་ལས། འབྲས་བུ་གཞན་ནས་མི་བཙལ་ཡེ་ནས་གྲོལ། །བླ་མའི་རྐྱེན་གྱིས་བསྟན་རུང་མ་བསྟན་རུང་། །རྣལ་འབྱོར་ཅན་གྱིས་བསྒོམ་རུང་མ་བསྒོམས་རུང་། །ཤེས་རབ་ལྡན་པས་རྟོགས་རུང་མ་རྟོགས་རུང་། །རྒྱུ་རྐྱེན་བྲལ་བའི་སེམས་ཉིད་འདུས་མ་བྱས། །རྟག་པ་མ་ཡིན་ཆད་པའི་མཐའ་ལས་གྲོལ། །སྐྱེ་འགག་ཐ་དད་དོན་གཅིག་འགྲོ་འོང་མེད། །སྤྲོས་པའི་མཐའ་བརྒྱད་ཉེ་བར་ཞི་བ་ནི། །རང་བྱུང་བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། །རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པ་ལྟར་རོ།། སེམས་ཅན་ཐམས་ཅད་ལ་སྟོབས་སོགས་ཀྱི་ཡོན་ཏན་དང་རྣམ་དབྱེར་མེད་པའི་བདེ་གཤེགས་སྙིང་པོ་ཡོད་པར་བསྟན་པའི་མདོ་དག་དྲང་དོན་ཡིན་གྱི་ངེས་དོན་མ་ཡིན་ནོ་ཞེ་ན། དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའ་ཆེན་མོ་དམ་ཆོས་དགོངས་པ་གཅིག་པའི་གཞུང་ལས། ཐེག་པ་སྣ་ཚོགས་ངེས་དོན་འཁོར་ལོ་ཡིན།། ཞེས་གསུངས་པ་ལྟར། མདོ་སྡེ་དགོངས་འགྲེལ་དོན་དམ་ཡང་དག་འཕགས་ཀྱིས་ཞུས་པ་ལས། བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ།། ཞེས་གསུངས་པ་ལྟར་ཆོས་འཁོར་དང་པོ་དང་གཉིས་པ་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་གསུངས་པ་ལྟ་བུ་དང་མཐའ་མ་དེ་ལས་ལྡོག་སྟེ་གསུངས་པའི་ཕྱིར་ན་ངེས་དོན་དུ་གྲུབ་བོ།། | དེ་ཡང་སྟོན་པ་བདེ་བར་གཤེགས་པས་གདུལ་བྱའི་ཁམས་དང་མོས་པ་དང་འཚམས་པའི་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་ནང་ནས་སྐབས་འདིར་བརྗོད་དོན་མཐར་ཐུག་པ་འཁོར་ལོ་མཐའ་མ་ངེས་དོན་གྱི་མདོ་སྡེ་དག་ན་གསལ་བའི་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་འབྲེལ་བའི་རྨོངས་འཆར་འགའ་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་གཞིར་བཟུང་གླེང་བར་བྱ་བ་ལ། བདེ་གཤེགས་སྙིང་པོ་དང་འབྲེལ་བའི་གཏམ། འབྲི་གུང་བཀའ་བརྒྱུད་པའི་ཉམས་བཞེས་དང་འབྲེལ་བའི་སྐོར་རོ།། དང་པོ་ལ་གཉིས་ཏེ། རང་ལུགས་དམ་ཆོས་དགོངས་པ་གཅིག་པ་གཙོ་བོར་གྱུར་པའི་རང་གཞུང་དག་ལས་ཇི་ལྟར་གསུངས་པའི་ཚུལ། དེ་དང་མཐུན་པར་བཀའ་བརྒྱུད་གོང་མ་རྣམས་དང་རྒྱལ་བའི་བཀའ་ལ་སོགས་པ་ལས་ཇི་ལྟར་བསྟན་པའི་ཚུལ་ལོ།། དང་པོ་ནི། སྤྱིར་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལ་སོགས་པའི་ངེས་དོན་སྙིང་པོ་བསྟན་པའི་མདོ་དག་གི་དགོངས་འགྲེལ་རྒྱུད་བླ་མའི་བསྟན་བཅོས་ཀྱི་དགོངས་པ་ལེན་ཚུལ་ལ་བོད་གངས་ཅན་གྱི་ལྗོངས་སུ་ལོ་ཙཱ་བ་ཆེན་པོ་ལས་བརྒྱུད་པའི་རྗེས་དཔག་ལམ་དུ་བྱེད་པའི་བཤད་སྲོལ་དང་། ལོ་ཙཱ་བ་གཟུ་བཙན་རྣམ་གཉིས་ལས་བརྒྱུད་པའི་མངོན་སུམ་ལམ་དུ་བྱེད་པའི་བཤད་སྲོལ་མི་མཐུན་པ་གཉིས་བྱུང་བ་ལས་རང་ལུགས་བཤད་སྲོལ་གཉིས་པའི་རྗེས་སུ་འབྲངས་ནས་འཆད་པར་སེམས་སོ།། དམ་ཆོས་དགོངས་པ་གཅིག་པའི་ཆོས་འཁོར་གྱི་ཚོམས་ལས། རང་བཞིན་རྣམ་དག་བྲལ་འབྲས་ཡོན་ཏན་ལྡན།། བྱང་ཕྱོགས་སོ་བདུན་བདེ་གཤེགས་སྙིང་པོར་ཡོད།། ཅེས་པ་དང་། དགོངས་པ་གཅིག་པའི་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་འདི་ནི་སངས་རྒྱས་ཀྱི་ཡོན་ཏན་རྣམས་མ་ཚང་བ་མེད་པ་ཞིག་ཡིན་ཏེ། གཞིའི་དུས་ན་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཐམས་ཅད་དང་དབྱེར་མེད་དུ་གནས་པ་ཞིག་ཡིན་ལ། ཞེས་གསུངས་སོ།། དེ་བཞིན་རྣལ་འབྱོར་པ་ཞེ་སྡང་རྡོ་རྗེའམ་ངོར་རྗེ་རས་པས་ཐེག་ཆེན་བསྟན་པའི་སྙིང་པོ་ལས། རང་བཞིན་རྣམ་དག་འགྱུར་མེད་ཆོས་ཀྱི་སྐུ།། མ་རིག་སྤྲིན་གྱིས་སྲིད་པའི་འཁོར་ལོར་བསྒྲིབས།། དག་པས་ཟག་མེད་མྱ་ངན་འདས་པ་འཐོབ།། ཅེས་གསུངས་པ་ལྟར་སྤང་བྱ་གློ་བུར་གྱི་དྲི་མས་རང་གི་ངོ་བོར་གོས་མ་མྱོང་ཞིང་འབྲས་བུའི་ཆོས་ཀུན་འབྲལ་མེད་དུ་སྙིང་པོའི་གཤིས་ལ་རང་ཆས་སུ་ཡོད་དོ།། གཉིས་པ་ནི། དྭགས་པོ་ཐར་རྒྱན་ལས། དང་པོ་རང་བཞིན་གྱི་གནས་པའི་རིགས་ནི། སངས་རྒྱས་ཀྱི་ཆོས་སྐྱེད་པའི་ནུས་པ། ཐོག་མ་མེད་པའི་དུས་ཅན། ཆོས་ཉིད་ཀྱིས་ཐོབ་པའོ། ཞེས་གསུངས་པ་དང་། རྒྱུད་བླ་མའི་ཚིག་དོན་རྣམ་པ་འགྲེལ་བ་ལས། ཁམས་ཀྱི་ངོ་བོ་སྒྲོ་སྐུར་གཉིས་དང་བྲལ་བའི་ཆོས་ཉིད་དོ། ཅིས་ཤེས་ན་ཡན་ལག་རྒྱས་པར་བཤད་པ་ལས། འདི་ལ་བསལ་བྱ་ཅི་ཡང་མེད།། ཁམས་དེ་ལ་དབྱེ་བ་གསུམ་སྟེ། སེམས་ཅན་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཁམས་བཅས་སོ། དེ་ལྟར་ཡང་རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་།། ཤིན་ཏུ་རྣམ་དག་གོ་རིམ་བཞིན།། སེམས་ཅན་བྱང་ཆུབ་སེམས་དཔའ་དང་།། སངས་རྒྱས་རྣམས་ལ་རིམ་བཞིན་བརྗོད།། ཅེས་གསུངས་པ་ལྟར། གནས་སྐབས་ཀྱི་དབྱེ་བ་གསུམ་དུ་མཆིས་ཀྱང་དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་དམ་ཁམས་ཀྱི་ངོ་བོ་བཟང་ངན་དང་འཕེལ་འགྲིབ་ཀྱི་ཁྱད་པར་མེད་པས་ངོ་བོ་དབྱེར་མེད་དུ་གྲུབ་བོ། ། སྒྲ་སྒྱུར་མར་པས། ཅི་ཁམས་ལ་དབྱེ་བ་གསུམ་བྱས་པས་ཁམས་ཆོས་ཉིད་དེ་དུམ་བུའམ་ངོ་བོ་ཐ་དད་གསུམ་དུ་ཐལ་ལོ་ཞེ་ན། ཞེས་པ་ལ་དབྱེ་བ་གསུམ་བྱས་ཀྱང་ངོ་བོ་ཐ་དད་པ་མེད་དེ་གནས་སྐབས་ཐ་དད་ཀྱི་སྒོ་ནས་བཞག་གོ། དཔེར་ན་ལྷ་སྦྱིན་གྱི་ངོ་བོ་གཅིག་ལ་གནས་སྐབས་ཐ་དད་པའི་དུས་སུ་མིང་ཐ་དད་དུ་བཏགས་ཏེ། རྩྭ་བརྔ་དུས་སུ་རྩྭ་བརྔ་བའི་ལྷ་སྦྱིན། ཆུ་ཆུ་མའི་ལྷ་སྦྱིན། ཕྱེ་འཐག་པའི་ལྷ་སྦྱིན། མིང་ཐ་དད་དུ་བཏགས་པ་ལྟར་སེམས་ཅན་ལ་འཇུག་ཙ་ན། མ་དག་པའི་གནས་སྐབས་ཡིན་པས་སེམས་ཅན་གྱི་ཁམས་ཡིན་པས་སེམས་ཅན་ཁམས་ཞེས་མིང་དུ་བཏགས། དག་པ་དང་མ་དག་པ་གཉིས་ཀའི་གནས་སྐབས་སྐུ་བྱང་ཆུབ་སེམས་དཔའི་ཁམས་ཞེས་བཏགས། སངས་རྒྱས་ལ་འཇུག་ཙ་ན་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ཡིན་པས་སངས་རྒྱས་ཀྱི་ཁམས་ཞེས་མིང་དུ་བཏགས་པའོ།། ཞེས་གསུངས་སོ།། བདེ་གཤེགས་སྙིང་པོའི་མཚན་གྱི་རྣམ་གྲངས་ནི། རང་བཞིན་འོད་གསལ་བའི་སེམས། རང་བཞིན་རྣམ་དག་གི་སངས་རྒྱས། དྲི་མ་དང་བཅས་པའི་དེ་བཞིན་ཉིད། བདེ་བར་གཤེགས་པའི་སྙིང་པོ། སེམས་ཀྱི་ངོ་བོ། རང་བཞིན། མཚན་ཉིད། ཐ་མལ་པའི་ཤེས་པ། གཞིའི་ཕྱག་ཆེན། གཞིའི་ལྷན་སྐྱེས། སེམས་ཉིད་ལྷན་སྐྱེས། རང་བཞིན་ལྷན་སྐྱེས། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། རང་བྱུང་གི་ཡེ་ཤེས། ཞེས་པ་ལ་སོགས་པ་མཁས་གྲུབ་གོང་མ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་མན་ངག་གི་གཞུང་དག་ལས་བརྗོད་ཚུལ་སྣ་ཚོགས་པས་བརྗོད་ཀྱང་དོན་ལ་བདེ་བར་གཤེགས་པའི་སྙིང་པོ་རང་ལས་ལོགས་ན་གོ་རྒྱུ་གཞན་ཞིག་མེད་པར་སེམས་སོ།། དེས་ན་ཆོས་རྗེ་སྒམ་པོ་པས་། འོ་སྐོལ་གྱི་ཕྱག་རྒྱ་ཆེན་པོ་འདིའི་གཞུང་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླའི་བསྟན་བཅོས་ཡིན་ནོ།། སངས་རྒྱས་ཀྱི་ཡེ་ཤེས་སམ་ཆོས་དབྱིངས་དེ་བཞིན་ཉིད་འདི་འགྲོ་བ་ཀུན་གྱི་རྒྱུད་ལ་ཇི་ལྟར་གནས་ཤེ་ན། ཕུང་པོ་རྣམ་དཔྱད་ཀྱི་སྟོང་པ་ལྟར་སྟོང་རྐྱང་པ་ཞིག་རང་བཞིན་གནས་རིགས་སུ་མི་འཇོག་པར་སྤང་བྱ་གློ་བུར་གྱི་དྲི་མ་འབྲལ་རུང་དང་། བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཐམས་ཅད་དང་ཐ་དད་དུ་མེད་པས་བྲལ་མི་ཤེས་པ་དང་། གདོད་ནས་སངས་རྒྱས་ཀྱི་ཡོན་ཏན་དང་རྣམ་པར་དབྱེར་མེད་ཅིང་མི་སྟོང་པ་དེ་སེམས་ཅན་གྱི་ཁམས་རྒྱུད་ལ་ཡོད་པར་བཞེད་དོ།། དཀོན་བརྩེགས་ལེའུ་ཞེ་བརྒྱད་པ་དཔལ་ཕྲེང་སེང་གེའི་སྒྲ་ཡི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པ་ཉིད་ཤེས་པ་ནི་འདི་གཉིས་ལགས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་དང་ཐ་དད་དུ་གནས་པ་མ་གྲོལ་བས་ཤེས་པ་རྣམས་ཀྱིས་སྟོང་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོའི་སངས་རྒྱས་ཀྱི་ཆོས་ཐ་དད་དུ་མི་གནས་ཤིང་གྲོལ་བས་ཤེས་པ་བསམ་གྱིས་མི་ཁྱབ་པ་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་སྙེད་དག་གིས་མི་སྟོང་པ་ལགས་སོ།། ཞེས་དང་། དེ་བཞིན་དུ་ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་རིམ་པ་ལས། འབྲས་བུ་གཞན་ནས་མི་བཙལ་ཡེ་ནས་གྲོལ། །བླ་མའི་རྐྱེན་གྱིས་བསྟན་རུང་མ་བསྟན་རུང་། །རྣལ་འབྱོར་ཅན་གྱིས་བསྒོམ་རུང་མ་བསྒོམས་རུང་། །ཤེས་རབ་ལྡན་པས་རྟོགས་རུང་མ་རྟོགས་རུང་། །རྒྱུ་རྐྱེན་བྲལ་བའི་སེམས་ཉིད་འདུས་མ་བྱས། །རྟག་པ་མ་ཡིན་ཆད་པའི་མཐའ་ལས་གྲོལ། །སྐྱེ་འགག་ཐ་དད་དོན་གཅིག་འགྲོ་འོང་མེད། །སྤྲོས་པའི་མཐའ་བརྒྱད་ཉེ་བར་ཞི་བ་ནི། །རང་བྱུང་བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། །རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པ་ལྟར་རོ།། སེམས་ཅན་ཐམས་ཅད་ལ་སྟོབས་སོགས་ཀྱི་ཡོན་ཏན་དང་རྣམ་དབྱེར་མེད་པའི་བདེ་གཤེགས་སྙིང་པོ་ཡོད་པར་བསྟན་པའི་མདོ་དག་དྲང་དོན་ཡིན་གྱི་ངེས་དོན་མ་ཡིན་ནོ་ཞེ་ན། དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའ་ཆེན་མོ་དམ་ཆོས་དགོངས་པ་གཅིག་པའི་གཞུང་ལས། ཐེག་པ་སྣ་ཚོགས་ངེས་དོན་འཁོར་ལོ་ཡིན།། ཞེས་གསུངས་པ་ལྟར། མདོ་སྡེ་དགོངས་འགྲེལ་དོན་དམ་ཡང་དག་འཕགས་ཀྱིས་ཞུས་པ་ལས། བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ།། ཞེས་གསུངས་པ་ལྟར་ཆོས་འཁོར་དང་པོ་དང་གཉིས་པ་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་གསུངས་པ་ལྟ་བུ་དང་མཐའ་མ་དེ་ལས་ལྡོག་སྟེ་གསུངས་པའི་ཕྱིར་ན་ངེས་དོན་དུ་གྲུབ་བོ།། | ||
གཉིས་པ་ནི། འབྲི་གུང་བཀའ་བརྒྱུད་པའི་ཉམས་ལེན་གཙོ་བོ་ནི་ཕྱག་ཆེན་ལྔ་ལྡན་དང་ཟབ་ལམ་ནཱ་རོ་ཆོས་དྲུག་གཉིས་ཡིན་ལ། ལྔ་ལྡན་ཉམས་བཞེས་ཀྱི་རིམ་པ་མདོར་བསྡུས་ཤིག་དགོད་པར་བྱ་བ་ལ་ཐོག་མར་ཐུན་མོང་ཕྱི་ཡི་སྔོན་འགྲོ་ནས་བརྩམས་ཏེ། ཐུན་མིན་ནང་གི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོ་སྔོན་དུ་སོང་བའི་སྒོ་ནས་དངོས་གཞི་ཡི་དམ་སྒོམ་པ། བླ་མའི་རྣལ་འབྱོར། ཕྱག་རྒྱ་ཆེན་པོ་ཉམས་སུ་བཞེས་ཏེ་མཐར་བསྔོ་བས་རྒྱས་འདེབས་པ་སྟེ་མདོར་ན་སྡེ་སྣོད་དང་རྒྱུད་སྡེའི་དོན་ཉམས་སུ་ལེན་ལུགས་ལྔ་རུ་བསྡུས་ནས་བསྟན་པ་ལ་འབྲི་གུང་ཕྱག་ཆེན་ལྔ་ལྡན་ཞེས་ཡོངས་སུ་གྲགས།
| གཉིས་པ་ནི། འབྲི་གུང་བཀའ་བརྒྱུད་པའི་ཉམས་ལེན་གཙོ་བོ་ནི་ཕྱག་ཆེན་ལྔ་ལྡན་དང་ཟབ་ལམ་ནཱ་རོ་ཆོས་དྲུག་གཉིས་ཡིན་ལ། ལྔ་ལྡན་ཉམས་བཞེས་ཀྱི་རིམ་པ་མདོར་བསྡུས་ཤིག་དགོད་པར་བྱ་བ་ལ་ཐོག་མར་ཐུན་མོང་ཕྱི་ཡི་སྔོན་འགྲོ་ནས་བརྩམས་ཏེ། ཐུན་མིན་ནང་གི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོ་སྔོན་དུ་སོང་བའི་སྒོ་ནས་དངོས་གཞི་ཡི་དམ་སྒོམ་པ། བླ་མའི་རྣལ་འབྱོར། ཕྱག་རྒྱ་ཆེན་པོ་ཉམས་སུ་བཞེས་ཏེ་མཐར་བསྔོ་བས་རྒྱས་འདེབས་པ་སྟེ་མདོར་ན་སྡེ་སྣོད་དང་རྒྱུད་སྡེའི་དོན་ཉམས་སུ་ལེན་ལུགས་ལྔ་རུ་བསྡུས་ནས་བསྟན་པ་ལ་འབྲི་གུང་ཕྱག་ཆེན་ལྔ་ལྡན་ཞེས་ཡོངས་སུ་གྲགས།

༧སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས།
| ༧སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས།

༼ཁྱད་པར་གྱི་སྔོན་འགྲོ་བྱང་ཆུབ་ཀྱི་སེམས།༽
| '''༼ཁྱད་པར་གྱི་སྔོན་འགྲོ་བྱང་ཆུབ་ཀྱི་སེམས།༽'''
</center | ||
བྱམས་དང་སྙིང་རྗེའི་རྟ་ཕོ་ལ། །གཞན་ཕན་གྱི་དཀྱུས་ཐོག་མ་བཅད་ན། །
| བྱམས་དང་སྙིང་རྗེའི་རྟ་ཕོ་ལ། །གཞན་ཕན་གྱི་དཀྱུས་ཐོག་མ་བཅད་ན། །

ཁྲོམ་ལྷ་མིའི་འོར་ཆེ་མི་འབྱུང་བས། །སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། །
| ཁྲོམ་ལྷ་མིའི་འོར་ཆེ་མི་འབྱུང་བས། །སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། །

༼དངོས་གཞི་ཡི་དམ་གྱི་ལྷ།༽
| '''༼དངོས་གཞི་ཡི་དམ་གྱི་ལྷ།༽'''

རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །གཞི་འགྱུར་མེད་ཀྱི་བརྟན་ས་མ་ཟིན་ན། ། | རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །གཞི་འགྱུར་མེད་ཀྱི་བརྟན་ས་མ་ཟིན་ན། ། | ||
མ་མཁའ་འགྲོའི་འཁོར་འབངས་མི་འདུ་བས། །ལུས་ཡི་དམ་གྱི་ལྷ་ལ་ནན་ཏན་མཛོད། །
| མ་མཁའ་འགྲོའི་འཁོར་འབངས་མི་འདུ་བས། །ལུས་ཡི་དམ་གྱི་ལྷ་ལ་ནན་ཏན་མཛོད། །

༼བླ་མའི་རྣལ་འབྱོར།༽
| '''༼བླ་མའི་རྣལ་འབྱོར།༽'''

བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །
| བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །

བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །
| བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །

༼ཕྱག་རྒྱ་ཆེན་པོ།༽
| '''༼ཕྱག་རྒྱ་ཆེན་པོ།༽'''

སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། །
| སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། །

མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོག་འདི་ལ་ནན་ཏན་མཛོད། །
| མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོག་འདི་ལ་ནན་ཏན་མཛོད། །

༼བསྔོ་བ་དང་སྨོན་ལམ།༽
| '''༼བསྔོ་བ་དང་སྨོན་ལམ།༽'''

ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །
| ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །

དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཕྱག་ཆེན་ལྔ་ལྡན་ལས་བཞི་པ་ཕྱག་རྒྱ་ཆེན་པོ་འདི་ཉིད་ལ་དབྱེ་དུ་མ་མཆིས་ཀྱང ངེས་དོན་གྱི་མདོ་སྡེ་དག་ལས་བྱུང་བའི་བདེ་བར་གཤེགས་པའི་སྙིང་པོ་ཉིད་གཞིའི་ཕྱག་རྒྱ་ཆེན་པོ་ལས་ལོགས་ན་མེད་དོ།།
| དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཕྱག་ཆེན་ལྔ་ལྡན་ལས་བཞི་པ་ཕྱག་རྒྱ་ཆེན་པོ་འདི་ཉིད་ལ་དབྱེ་དུ་མ་མཆིས་ཀྱང ངེས་དོན་གྱི་མདོ་སྡེ་དག་ལས་བྱུང་བའི་བདེ་བར་གཤེགས་པའི་སྙིང་པོ་ཉིད་གཞིའི་ཕྱག་རྒྱ་ཆེན་པོ་ལས་ལོགས་ན་མེད་དོ།།

མཁན་མིང་ཙམ་འཛིན་པ་ཟླ་བ་ཚེ་རིང་ནས་སྤྱི་ལོ་༢༠༢༣ཟླ་བ་༥པའི་ཚེས་༡༧གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བྲིས་པའོ།།
| མཁན་མིང་ཙམ་འཛིན་པ་ཟླ་བ་ཚེ་རིང་ནས་སྤྱི་ལོ་༢༠༢༣ཟླ་བ་༥པའི་ཚེས་༡༧གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བྲིས་པའོ།།

Revision as of 04:35, 29 May 2023
གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile
བལ་ཡུལ་ཌོལ་པ་རྫོང་གི་མངའ་ཁོངས་ཏི་ཆུ་རོང་འབྲི་གུང་དགོན་པ་ཞེས་པའི་ས་གནས་སུ་སྤྱི་ལོ་ ༡༩༨༧ ་ལོར་འཁྲུངས་ཤིང་། ལོ་ ༡༡ ་སྐབས་བོད་ཡིག་དབྱངས་གསལ་སོ་བཞི་བསླབས་ཏེ་སྤྱི་ལོ་ ༢༠༠༠ ་ལོར་གྲུབ་ཐོབ་སེང་གེ་ཡེ་ཤེས་ཀྱི་རྣམ་སྤྲུལ་ ༧ སྐྱབས་རྗེ་སེང་གེ་བསྟན་འཛིན་་དང་མཇལ་ཞིང་རྒྱ་གར་འཕགས་པའི་ཡུལ་གྱི་བྱེས་ཀྱི་གདན་ས་བྱང་ཆུབ་གླིང་དུ་འཛུལ་ཏེ་ ༧ འབྲི་གུང་སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་ཞུས། དེའི་རྗེས་སུ་གཞི་རིམ་སློབ་གྲྭ་རིམ་གྱིས་འགྲིམས་ནས་སློབ་མཐར་ཕྱིན་པ་དང་། སྤྱི་ལོ་༢༠༠༥ ་ལ་དཔལ་བཀའ་བརྒྱུད་ནང་བསྟན་མཐོ་རིམ་སློབ་གྲྭར་འཛུལ་ཞུགས་མཛད་ནས་རིམ་བཞིན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྔགས་ཀྱི་གཞུང་ཆེན་ཁག་དང་མཁན་ཆེན་དཀོན་མཆོག་རྒྱལ་མཚན་དང་མཁན་ཆེན་ཉི་མ་རྒྱལ་མཚན། ༧ སྐྱབས་རྗེ་ནུབ་པ་རིན་པོ་ཆེ་སོགས་ནས་རང་གཞུང་ཐེག་ཆེན་བསྟན་པའི་སྙིང་པོ་དང་། དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའ་ཆེན་མོ། དམ་ཆོས་དགོངས་པ་གཅིག་པའི་གཞུང་ཕྱག་ཆེན་ལྔ་ལྡན་དྷརྨ་ཀིརྟིའི་ཞལ་ལུང་སོགས་ཞུས་ཏེ། ལོ་རིམ་བདུན་པ་ནས་སློབ་སྦྱོང་བྱེད་ཞོར་དུ་སུམ་རྟགས་དག་གསུམ་སོགས་སློབ་ཁྲིད་བྱས་ཏེ་སྤྱི་ལོ་ ༢༠༡༤ ་ལ་བསླབ་པ་མཐར་སོན་ཏེ་བཀའ་བརྒྱུད་མཐོ་སློབ་ཀྱི་འཛིན་སྐྱོང་ལྷན་ཚོགས་ནས་བཀའ་ཕེབས་པ་ལྟར་བཙུན་དགོན་བསམ་གཏན་གླིང་དུ་སློབ་ཁྲིད་དང་ལོ་ངོ་ ༨ ་ཀྱི་རིང་དགེ་ཆེའི་ལས་འགན་འཁུར། སྤྱི་ལོ་ ༢༠༡༩ ་ལ་མཁན་པོའི་གོ་གནས་བཞེས་ཏེ་ད་ཆ་གདན་ས་བྱང་ཆུབ་གླིང་དགེ་བསྐོས་མཛད་བཞིན་པ་ལགས།།
གཏམ་བཤད་བཅུད་དོན། Abstract
༄༅། །ཆོས་ཀུན་གཟིགས་པའི་ཡེ་ཤེས་མེ་དཔུང་གིས།།
སྒྲིབ་གཉིས་བུད་ཤིང་མ་ལུས་བསྲེགས་པའི་མགོན།།
ཐུགས་རྗེས་ལྕགས་ཀྱུས་འགྲོ་རྣམས་འདྲེན་མཛད་པ།།
འདྲེན་མཆོག་ཐུབ་པའི་དབང་པོར་གུས་པས་འདུད།།
</center
དེ་ཡང་སྟོན་པ་བདེ་བར་གཤེགས་པས་གདུལ་བྱའི་ཁམས་དང་མོས་པ་དང་འཚམས་པའི་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་ནང་ནས་སྐབས་འདིར་བརྗོད་དོན་མཐར་ཐུག་པ་འཁོར་ལོ་མཐའ་མ་ངེས་དོན་གྱི་མདོ་སྡེ་དག་ན་གསལ་བའི་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་འབྲེལ་བའི་རྨོངས་འཆར་འགའ་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་གཞིར་བཟུང་གླེང་བར་བྱ་བ་ལ། བདེ་གཤེགས་སྙིང་པོ་དང་འབྲེལ་བའི་གཏམ། འབྲི་གུང་བཀའ་བརྒྱུད་པའི་ཉམས་བཞེས་དང་འབྲེལ་བའི་སྐོར་རོ།། དང་པོ་ལ་གཉིས་ཏེ། རང་ལུགས་དམ་ཆོས་དགོངས་པ་གཅིག་པ་གཙོ་བོར་གྱུར་པའི་རང་གཞུང་དག་ལས་ཇི་ལྟར་གསུངས་པའི་ཚུལ། དེ་དང་མཐུན་པར་བཀའ་བརྒྱུད་གོང་མ་རྣམས་དང་རྒྱལ་བའི་བཀའ་ལ་སོགས་པ་ལས་ཇི་ལྟར་བསྟན་པའི་ཚུལ་ལོ།། དང་པོ་ནི། སྤྱིར་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལ་སོགས་པའི་ངེས་དོན་སྙིང་པོ་བསྟན་པའི་མདོ་དག་གི་དགོངས་འགྲེལ་རྒྱུད་བླ་མའི་བསྟན་བཅོས་ཀྱི་དགོངས་པ་ལེན་ཚུལ་ལ་བོད་གངས་ཅན་གྱི་ལྗོངས་སུ་ལོ་ཙཱ་བ་ཆེན་པོ་ལས་བརྒྱུད་པའི་རྗེས་དཔག་ལམ་དུ་བྱེད་པའི་བཤད་སྲོལ་དང་། ལོ་ཙཱ་བ་གཟུ་བཙན་རྣམ་གཉིས་ལས་བརྒྱུད་པའི་མངོན་སུམ་ལམ་དུ་བྱེད་པའི་བཤད་སྲོལ་མི་མཐུན་པ་གཉིས་བྱུང་བ་ལས་རང་ལུགས་བཤད་སྲོལ་གཉིས་པའི་རྗེས་སུ་འབྲངས་ནས་འཆད་པར་སེམས་སོ།། དམ་ཆོས་དགོངས་པ་གཅིག་པའི་ཆོས་འཁོར་གྱི་ཚོམས་ལས། རང་བཞིན་རྣམ་དག་བྲལ་འབྲས་ཡོན་ཏན་ལྡན།། བྱང་ཕྱོགས་སོ་བདུན་བདེ་གཤེགས་སྙིང་པོར་ཡོད།། ཅེས་པ་དང་། དགོངས་པ་གཅིག་པའི་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་འདི་ནི་སངས་རྒྱས་ཀྱི་ཡོན་ཏན་རྣམས་མ་ཚང་བ་མེད་པ་ཞིག་ཡིན་ཏེ། གཞིའི་དུས་ན་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཐམས་ཅད་དང་དབྱེར་མེད་དུ་གནས་པ་ཞིག་ཡིན་ལ། ཞེས་གསུངས་སོ།། དེ་བཞིན་རྣལ་འབྱོར་པ་ཞེ་སྡང་རྡོ་རྗེའམ་ངོར་རྗེ་རས་པས་ཐེག་ཆེན་བསྟན་པའི་སྙིང་པོ་ལས། རང་བཞིན་རྣམ་དག་འགྱུར་མེད་ཆོས་ཀྱི་སྐུ།། མ་རིག་སྤྲིན་གྱིས་སྲིད་པའི་འཁོར་ལོར་བསྒྲིབས།། དག་པས་ཟག་མེད་མྱ་ངན་འདས་པ་འཐོབ།། ཅེས་གསུངས་པ་ལྟར་སྤང་བྱ་གློ་བུར་གྱི་དྲི་མས་རང་གི་ངོ་བོར་གོས་མ་མྱོང་ཞིང་འབྲས་བུའི་ཆོས་ཀུན་འབྲལ་མེད་དུ་སྙིང་པོའི་གཤིས་ལ་རང་ཆས་སུ་ཡོད་དོ།། གཉིས་པ་ནི། དྭགས་པོ་ཐར་རྒྱན་ལས། དང་པོ་རང་བཞིན་གྱི་གནས་པའི་རིགས་ནི། སངས་རྒྱས་ཀྱི་ཆོས་སྐྱེད་པའི་ནུས་པ། ཐོག་མ་མེད་པའི་དུས་ཅན། ཆོས་ཉིད་ཀྱིས་ཐོབ་པའོ། ཞེས་གསུངས་པ་དང་། རྒྱུད་བླ་མའི་ཚིག་དོན་རྣམ་པ་འགྲེལ་བ་ལས། ཁམས་ཀྱི་ངོ་བོ་སྒྲོ་སྐུར་གཉིས་དང་བྲལ་བའི་ཆོས་ཉིད་དོ། ཅིས་ཤེས་ན་ཡན་ལག་རྒྱས་པར་བཤད་པ་ལས། འདི་ལ་བསལ་བྱ་ཅི་ཡང་མེད།། ཁམས་དེ་ལ་དབྱེ་བ་གསུམ་སྟེ། སེམས་ཅན་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཁམས་བཅས་སོ། དེ་ལྟར་ཡང་རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་།། ཤིན་ཏུ་རྣམ་དག་གོ་རིམ་བཞིན།། སེམས་ཅན་བྱང་ཆུབ་སེམས་དཔའ་དང་།། སངས་རྒྱས་རྣམས་ལ་རིམ་བཞིན་བརྗོད།། ཅེས་གསུངས་པ་ལྟར། གནས་སྐབས་ཀྱི་དབྱེ་བ་གསུམ་དུ་མཆིས་ཀྱང་དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་དམ་ཁམས་ཀྱི་ངོ་བོ་བཟང་ངན་དང་འཕེལ་འགྲིབ་ཀྱི་ཁྱད་པར་མེད་པས་ངོ་བོ་དབྱེར་མེད་དུ་གྲུབ་བོ། ། སྒྲ་སྒྱུར་མར་པས། ཅི་ཁམས་ལ་དབྱེ་བ་གསུམ་བྱས་པས་ཁམས་ཆོས་ཉིད་དེ་དུམ་བུའམ་ངོ་བོ་ཐ་དད་གསུམ་དུ་ཐལ་ལོ་ཞེ་ན། ཞེས་པ་ལ་དབྱེ་བ་གསུམ་བྱས་ཀྱང་ངོ་བོ་ཐ་དད་པ་མེད་དེ་གནས་སྐབས་ཐ་དད་ཀྱི་སྒོ་ནས་བཞག་གོ། དཔེར་ན་ལྷ་སྦྱིན་གྱི་ངོ་བོ་གཅིག་ལ་གནས་སྐབས་ཐ་དད་པའི་དུས་སུ་མིང་ཐ་དད་དུ་བཏགས་ཏེ། རྩྭ་བརྔ་དུས་སུ་རྩྭ་བརྔ་བའི་ལྷ་སྦྱིན། ཆུ་ཆུ་མའི་ལྷ་སྦྱིན། ཕྱེ་འཐག་པའི་ལྷ་སྦྱིན། མིང་ཐ་དད་དུ་བཏགས་པ་ལྟར་སེམས་ཅན་ལ་འཇུག་ཙ་ན། མ་དག་པའི་གནས་སྐབས་ཡིན་པས་སེམས་ཅན་གྱི་ཁམས་ཡིན་པས་སེམས་ཅན་ཁམས་ཞེས་མིང་དུ་བཏགས། དག་པ་དང་མ་དག་པ་གཉིས་ཀའི་གནས་སྐབས་སྐུ་བྱང་ཆུབ་སེམས་དཔའི་ཁམས་ཞེས་བཏགས། སངས་རྒྱས་ལ་འཇུག་ཙ་ན་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ཡིན་པས་སངས་རྒྱས་ཀྱི་ཁམས་ཞེས་མིང་དུ་བཏགས་པའོ།། ཞེས་གསུངས་སོ།། བདེ་གཤེགས་སྙིང་པོའི་མཚན་གྱི་རྣམ་གྲངས་ནི། རང་བཞིན་འོད་གསལ་བའི་སེམས། རང་བཞིན་རྣམ་དག་གི་སངས་རྒྱས། དྲི་མ་དང་བཅས་པའི་དེ་བཞིན་ཉིད། བདེ་བར་གཤེགས་པའི་སྙིང་པོ། སེམས་ཀྱི་ངོ་བོ། རང་བཞིན། མཚན་ཉིད། ཐ་མལ་པའི་ཤེས་པ། གཞིའི་ཕྱག་ཆེན། གཞིའི་ལྷན་སྐྱེས། སེམས་ཉིད་ལྷན་སྐྱེས། རང་བཞིན་ལྷན་སྐྱེས། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། རང་བྱུང་གི་ཡེ་ཤེས། ཞེས་པ་ལ་སོགས་པ་མཁས་གྲུབ་གོང་མ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་མན་ངག་གི་གཞུང་དག་ལས་བརྗོད་ཚུལ་སྣ་ཚོགས་པས་བརྗོད་ཀྱང་དོན་ལ་བདེ་བར་གཤེགས་པའི་སྙིང་པོ་རང་ལས་ལོགས་ན་གོ་རྒྱུ་གཞན་ཞིག་མེད་པར་སེམས་སོ།། དེས་ན་ཆོས་རྗེ་སྒམ་པོ་པས་། འོ་སྐོལ་གྱི་ཕྱག་རྒྱ་ཆེན་པོ་འདིའི་གཞུང་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླའི་བསྟན་བཅོས་ཡིན་ནོ།། སངས་རྒྱས་ཀྱི་ཡེ་ཤེས་སམ་ཆོས་དབྱིངས་དེ་བཞིན་ཉིད་འདི་འགྲོ་བ་ཀུན་གྱི་རྒྱུད་ལ་ཇི་ལྟར་གནས་ཤེ་ན། ཕུང་པོ་རྣམ་དཔྱད་ཀྱི་སྟོང་པ་ལྟར་སྟོང་རྐྱང་པ་ཞིག་རང་བཞིན་གནས་རིགས་སུ་མི་འཇོག་པར་སྤང་བྱ་གློ་བུར་གྱི་དྲི་མ་འབྲལ་རུང་དང་། བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཐམས་ཅད་དང་ཐ་དད་དུ་མེད་པས་བྲལ་མི་ཤེས་པ་དང་། གདོད་ནས་སངས་རྒྱས་ཀྱི་ཡོན་ཏན་དང་རྣམ་པར་དབྱེར་མེད་ཅིང་མི་སྟོང་པ་དེ་སེམས་ཅན་གྱི་ཁམས་རྒྱུད་ལ་ཡོད་པར་བཞེད་དོ།། དཀོན་བརྩེགས་ལེའུ་ཞེ་བརྒྱད་པ་དཔལ་ཕྲེང་སེང་གེའི་སྒྲ་ཡི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པ་ཉིད་ཤེས་པ་ནི་འདི་གཉིས་ལགས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་དང་ཐ་དད་དུ་གནས་པ་མ་གྲོལ་བས་ཤེས་པ་རྣམས་ཀྱིས་སྟོང་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོའི་སངས་རྒྱས་ཀྱི་ཆོས་ཐ་དད་དུ་མི་གནས་ཤིང་གྲོལ་བས་ཤེས་པ་བསམ་གྱིས་མི་ཁྱབ་པ་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་སྙེད་དག་གིས་མི་སྟོང་པ་ལགས་སོ།། ཞེས་དང་། དེ་བཞིན་དུ་ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་རིམ་པ་ལས། འབྲས་བུ་གཞན་ནས་མི་བཙལ་ཡེ་ནས་གྲོལ། །བླ་མའི་རྐྱེན་གྱིས་བསྟན་རུང་མ་བསྟན་རུང་། །རྣལ་འབྱོར་ཅན་གྱིས་བསྒོམ་རུང་མ་བསྒོམས་རུང་། །ཤེས་རབ་ལྡན་པས་རྟོགས་རུང་མ་རྟོགས་རུང་། །རྒྱུ་རྐྱེན་བྲལ་བའི་སེམས་ཉིད་འདུས་མ་བྱས། །རྟག་པ་མ་ཡིན་ཆད་པའི་མཐའ་ལས་གྲོལ། །སྐྱེ་འགག་ཐ་དད་དོན་གཅིག་འགྲོ་འོང་མེད། །སྤྲོས་པའི་མཐའ་བརྒྱད་ཉེ་བར་ཞི་བ་ནི། །རང་བྱུང་བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། །རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པ་ལྟར་རོ།། སེམས་ཅན་ཐམས་ཅད་ལ་སྟོབས་སོགས་ཀྱི་ཡོན་ཏན་དང་རྣམ་དབྱེར་མེད་པའི་བདེ་གཤེགས་སྙིང་པོ་ཡོད་པར་བསྟན་པའི་མདོ་དག་དྲང་དོན་ཡིན་གྱི་ངེས་དོན་མ་ཡིན་ནོ་ཞེ་ན། དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའ་ཆེན་མོ་དམ་ཆོས་དགོངས་པ་གཅིག་པའི་གཞུང་ལས། ཐེག་པ་སྣ་ཚོགས་ངེས་དོན་འཁོར་ལོ་ཡིན།། ཞེས་གསུངས་པ་ལྟར། མདོ་སྡེ་དགོངས་འགྲེལ་དོན་དམ་ཡང་དག་འཕགས་ཀྱིས་ཞུས་པ་ལས། བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ།། ཞེས་གསུངས་པ་ལྟར་ཆོས་འཁོར་དང་པོ་དང་གཉིས་པ་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་གསུངས་པ་ལྟ་བུ་དང་མཐའ་མ་དེ་ལས་ལྡོག་སྟེ་གསུངས་པའི་ཕྱིར་ན་ངེས་དོན་དུ་གྲུབ་བོ།།
གཉིས་པ་ནི། འབྲི་གུང་བཀའ་བརྒྱུད་པའི་ཉམས་ལེན་གཙོ་བོ་ནི་ཕྱག་ཆེན་ལྔ་ལྡན་དང་ཟབ་ལམ་ནཱ་རོ་ཆོས་དྲུག་གཉིས་ཡིན་ལ། ལྔ་ལྡན་ཉམས་བཞེས་ཀྱི་རིམ་པ་མདོར་བསྡུས་ཤིག་དགོད་པར་བྱ་བ་ལ་ཐོག་མར་ཐུན་མོང་ཕྱི་ཡི་སྔོན་འགྲོ་ནས་བརྩམས་ཏེ། ཐུན་མིན་ནང་གི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོ་སྔོན་དུ་སོང་བའི་སྒོ་ནས་དངོས་གཞི་ཡི་དམ་སྒོམ་པ། བླ་མའི་རྣལ་འབྱོར། ཕྱག་རྒྱ་ཆེན་པོ་ཉམས་སུ་བཞེས་ཏེ་མཐར་བསྔོ་བས་རྒྱས་འདེབས་པ་སྟེ་མདོར་ན་སྡེ་སྣོད་དང་རྒྱུད་སྡེའི་དོན་ཉམས་སུ་ལེན་ལུགས་ལྔ་རུ་བསྡུས་ནས་བསྟན་པ་ལ་འབྲི་གུང་ཕྱག་ཆེན་ལྔ་ལྡན་ཞེས་ཡོངས་སུ་གྲགས།
༧སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས།
</center
བྱམས་དང་སྙིང་རྗེའི་རྟ་ཕོ་ལ། །གཞན་ཕན་གྱི་དཀྱུས་ཐོག་མ་བཅད་ན། །
ཁྲོམ་ལྷ་མིའི་འོར་ཆེ་མི་འབྱུང་བས། །སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། །
རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །གཞི་འགྱུར་མེད་ཀྱི་བརྟན་ས་མ་ཟིན་ན། །
མ་མཁའ་འགྲོའི་འཁོར་འབངས་མི་འདུ་བས། །ལུས་ཡི་དམ་གྱི་ལྷ་ལ་ནན་ཏན་མཛོད། །
བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །
བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །
སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། །
མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོག་འདི་ལ་ནན་ཏན་མཛོད། །
ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །
དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཕྱག་ཆེན་ལྔ་ལྡན་ལས་བཞི་པ་ཕྱག་རྒྱ་ཆེན་པོ་འདི་ཉིད་ལ་དབྱེ་དུ་མ་མཆིས་ཀྱང ངེས་དོན་གྱི་མདོ་སྡེ་དག་ལས་བྱུང་བའི་བདེ་བར་གཤེགས་པའི་སྙིང་པོ་ཉིད་གཞིའི་ཕྱག་རྒྱ་ཆེན་པོ་ལས་ལོགས་ན་མེད་དོ།།
མཁན་མིང་ཙམ་འཛིན་པ་ཟླ་བ་ཚེ་རིང་ནས་སྤྱི་ལོ་༢༠༢༣ཟླ་བ་༥པའི་ཚེས་༡༧གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བྲིས་པའོ།།