Tibetan

From Buddha-Nature
No edit summary
No edit summary

Line 1: Line 1:
{{TextSubpage
{{TextSubpage
|textSubIntro=༄༅། །ཡེ་ཤེས་ཀྱི་གཞག་ས་བཞུགས་སོ།།
|textSubLanguage=Tibetan
|textSubLanguage=Tibetan
|textSubContent=༄༅། །ཡེ་ཤེས་ཀྱི་གཞག་ས་བཞུགས་སོ།།
|textSubContent=༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྗེ་བཙུན་བྱམས་པའི་གཞུང་ལ་འཆི་ཆོས་བྱེད་པའི་ཡིད་ཆེས་ཀྱི་ས་ཡིན། ཆོས་ཅི་རུང་རུང་ལ་ཡིད་ཆེས་མི་བྱ་སླུ་ཉེན་ཡོད། ངེས་དོན་གྱི་གདམས་ངག་ཐེག་པ་ཆེན་པོ་རྒྱུད་བླ་མ་ཡིན། འདིར་རྡོ་རྗེའི་གནས་བདུན་དུ་འདུས། སངས་རྒྱས་བྱ་བ་རང་གི་སེམས་འོད་གསལ་གྱི་དོན་རྟོགས་པས་རྣམ་རྟོག་ཟད་པའི་རང་བྱུང་གི་ཡེ་ཤེས་ལ་ཟེར། ཆོས་བྱ་བ་གཉིས་ཡིན། དོན་དམ་པའི་ཆོས་འགོག་པའི་བདེན་པ་དེ་རྟོགས་པའི་ཡེ་ཤེས་ལམ་གྱི་བདེན་པ་ཡིན། འགོག་པ་དང་རང་སེམས་འོད་གསལ་བསམ་མེད་དེ་རྟོག་པ་དང་ཉོན་མོངས་པ་དང་བྲལ་བ་ལ་ཟེར། ལམ་ལ་ཆོས་གསུམ་ཚང་དགོས། རང་སེམས་འོད་གསལ་རྟོགས་པས་སྔར་བསགས་ཀྱི་ཉོན་མོངས་པ་དག ཤེས་བྱའི་རང་བཞིན་འོད་གསལ་དུ་གསལ་བར་རྟོགས། ཕྱིས་སྒྲོ་འདོགས་ཀྱི་བློ་གཞུག་པའི་གཉེན་པོར་སོང་བ་ལ་ཟེར། དགེ་འདུན་རང་གི་སེམས་འོད་གསལ་དུ་རྟོགས་པའི་ཤེས་རབ། གཞན་གྱི་སེམས་འོད་གསལ་དུ་རྟོགས་པའི་སྙིང་རྗེ་དུས་གཅིག་ཏུ་སྐྱེས་པ་ལ་ཟེར། དེ་གསུམ་རང་གི་སེམས་ཉིད་ཀྱི་ཆོས་ཉིད་མ་རྟོགས་བར་དུ་སྐྱབས་གནས་སུ་བཞེད། དེ་ཀ་ལ་ཀུན་རྫོབ་རེ་ཤིག་པའི་སྐྱབས་འགྲོ་༼༡ བ༽ཟེར། རྒྱུད་ལ་སྐྱེས་པའི་དུས་སུ་དཀོན་མཆོག་གསུམ་ལ་བྱིན་རླབས་ཡོད་པར་ངེས་ཤེས་སྐྱེས་པ་ལ་ཟེར། ལམ་ལ་ཆོས་གསུམ་ཚང་དགོས། རང་སེམས་འོད་གསལ་རྟོགས་པས་སྔར་བསགས་ཀྱི་ཉོན་མོངས་པ་དག ཤེས་བྱའི་རང་བཞིན་འོད་གསལ་དུ་གསལ་བར་རྟོགས། ཕྱིས་སྒྲོ་འདོགས་ཀྱི་བློ་གཞུག་པའི་གཉེན་པོར་སོང་བ་ལ་ཟེར། དགེ་འདུན་རང་གི་སེམས་འོད་གསལ་དུ་རྟོགས་པའི་ཤེས་རབ། གཞན་གྱི་སེམས་འོད་གསལ་དུ་རྟོགས་པའི་སྙིང་རྗེ་དུས་གཅིག་ཏུ་སྐྱེས་པ་ལ་ཟེར། དེ་གསུམ་རང་གི་སེམས་ཉིད་ཀྱི་ཆོས་ཉིད་མ་རྟོགས་བར་དུ་སྐྱབས་གནས་སུ་བཞེད། དེ་ཀ་ལ་ཀུན་རྫོབ་རེ་ཤིག་པའི་སྐྱབས་འགྲོ་༼༡ བ༽ཟེར། རྒྱུད་ལ་སྐྱེས་པའི་དུས་སུ་དཀོན་མཆོག་གསུམ་ལ་བྱིན་རླབས་ཡོད་པར་ངེས་ཤེས་སྐྱེས་པ་ལ་ (རང་སེམས་ཆོས་སྐུ་རྟོགས་པ་དངོས་སུ་མ་སྐྱེས་མོས་པའི་སྒོ་ནས་སྐྱབས་གནས་སུ་འདོད། ཀུན་རྫོབ་རེ་ཤིག་གི་སྐྱབས་གནས་) ཟེར།  དོན་དམ་པ་གཏན་གྱི་སྐྱབས་གནས་རང་སེམས་ཆོས་སྐུ་རྟོགས་པ་ལ་ཟེར། རྣམ་རྟོག་མ་ཟད་ན་སྡུག་བསྔལ་ལས་བསྐྱབ་པར་མི་ནུས། རང་གི་རྣམ་རྟོག་འཛད་པ་ལ་ཆོས་སྐུ་བསྒོམ་དགོས། རང་གི་སེམས་ཀྱི་རང་བཞིན་འདི་སངས་རྒྱས་མིན་ན་བསྒྲུབ་ཏུ་མི་བཏུབ། སེམས་ཀྱི་ངོ་བོ་སངས་རྒྱས་ཡིན་པ་ལ་ཁམས་ཟེར། དེ་མ་རྟོགས་པའི་རྣམ་རྟོག་གི་རྒྱུན་ལ་སེམས་ཅན་ཟེར། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་བྱ་བ་རྣམ་རྟོག་གིས་རང་སེམས་བསྒྲིབས་པ་ལ་ཟེར། རང་སེམས་འོད་གསལ་བྱ་བ་རྣམ་རྟོག་གི་ཡུལ་དུ་མ་གྱུར་པས་གཉེན་པོས་མ་བཅོས་པར་དག་པ་ལ་ཟེར། དེ་མི་རྟོགས་པའི་རྒྱུ་ཅི་ཡིན་ཟེར་ན་ཐེག་པ་ཆེན་པོའི་ཆོས་ལ་ཡིད་ཆེས་མ་སྐྱེས་པས་སྒྲིབས། ཐེག་པ་ཆེན་པོ་བྱ་བ་རང་སེམས་འོད་གསལ་རྟོགས་པའི་ཤེས་རབ་དང་སྙིང་རྗེ་དུས་མཉམ་དུ་སྐྱེས་པ་ལ་ཟེར། ཆོས་སྐུ་རང་བཞིན་གྱིས་དག་ཀྱང་བློ་བུར་གྱི་དྲི་མ་དང་བྲལ་བའི་ས་བོན་ཐེག་པ་ཆེན་པོའི་ཆོས་ལ་མོས་པར་གསུངས། གྲུབ་མཐས་བློ་མ་བསྒྱུར་ཞིང་འཁོར་བ་ལ་ཞེན་པའི་མི་ལ་སངས་རྒྱ་བའི་ས་བོན་མེད་༼༢ ན༽པས་མ་རྟོགས་པ་ཡིན། ཐེག་པ་ཆེན་པོའི་རིགས་ཀྱི་སེམས་ཅན་ལ་ཁྱབ་པར་གསུངས་པ་ཟེར་ན། རང་བཞིན་དུ་གནས་པའི་རིགས་སེམས་ཅན་ཐམས་ཅད་ཀྱི་ངོ་བོ་འདུས་མ་བྱས་པའི་ཆོས་སྐུས་མ་ཁྱབ་པ་གཅིག་ཀྱང་མེད། དེའི་ངོས་ནས་རིགས་མ་ཆད་པ་དེ། ཡང་དག་པར་བླངས་པའི་རིགས་འོད་གསལ་རྟོགས་པའི་ས་བོན་འཁོར་བ་ལ་སྐྱོ་བ་སྐྱེས་པའི་ནུས་པ་ལ་ཟེར། རྐྱེན་ཐེག་པ་ཆེན་པོའི་ཆོས་ཐོས་པས་འཁོར་བ་ལ་སྐྱོ་བ་མ་སྐྱེས་པ་རིགས་ཆད་ཡིན། ཆོས་ཀྱི་སྐུ་བྱ་བ་སེམས་རང་བཞིན་གྱིས་དག་པ་རྟོགས་པས་རྣམ་རྟོག་གི་དྲི་མ་བག་ཆགས་དང་བཅས་པ་དག་པ་ལ་ཟེར། སངས་རྒྱས་ཀྱི་ཡེ་ཤེས་བྱ་བ་སྒྲས་བརྗོད་པ་དང་རྣམ་རྟོག་གི་དྲི་མས་བསམ་དུ་མེད་པའི་དོན་རྟོགས་པ་ལ་ཟེར། སེམས་ཅན་གྱི་འཁྲུལ་སྣང་འདི་སངས་རྒྱས་ཀྱིས་མཁྱེན་ནམ་མི་མཁྱེན་ཟེར་ན། མཁྱེན་ཏེ་སེམས་ཅན་རང་བཞིན་གྱིས་འོད་གསལ་བ་དེ་སངས་རྒྱས་རང་དང་ཁྱད་མེད་དུ་དག་པར་མཁྱེན། དེ་ལ་མཁྱེན་པའི་ཡེ་ཤེས་ཀྱི་གཞན་དོན་ཟེར་བ་ཡིན། སེམས་ཅན་གྱི་རྣམ་པར་རྟོག་པ་བློ་བུར་བ་གདོད་མ་ནས་ཟད་པར་མཁྱེན་པ་དེ་ལ་བརྩེ་བའི་ཐུགས་རྗེའི་གཞན་དོན་ཟེར་བ་ཡིན། རྣམ་རྟོག་ཟད་པར་མཁྱེན་ན་སེམས་ཅན་ད་ལྟ་ཅིས་བཅིངས་ནས་འཁོར་ཟེར་ན། ༼༢ བ༽རྣམ་རྟོག་གི་སྣང་བ་ལ་ཉོན་མོངས་པའི་ཞེན་པས་བཅིངས། སོ་སོའི་སྐྱེ་བོ་དང་ས་ཐོབ་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་ཁྱད་ཅི་ཡིན་ཟེར་ན། སོ་སོ་སྐྱེ་བོས་རང་གི་སེམས་འོད་གསལ་གཏན་མ་རྟོགས་པའི་རྣམ་རྟོག་གི་སྣང་བ་བརྟས་པ་ལ་ཡང་དག་ཏུ་བཟུང་བ་ཡིན། བྱང་ཆུབ་སེམས་དཔའ་རང་གི་སེམས་འོད་གསལ་རྟོགས་པས་འཁོར་བའི་སྣང་བ་ཐམས་ཅད་རྣམ་རྟོག་ཙམ་དུ་རྟོགས་པ་ཡིན། ས་ཐོབ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ལུས་སུ་ཡོད་པ་ཡིན། འཁོར་ལོ་སྒྱུར་བ་ལ་སོགས་པའི་ལུས་ཡོད་པར་གསུངས་པ་ཟེར་ན། སྨོན་ལམ་གྱི་དབང་གིས་སྐྱེ་བ་ཡིན་ན་ཤ་ཁྲག་གི་ལུས་མེད་གསུངས་ཏེ། དང་པོ་ལམ་སྐྱེས་པའི་རྟེན་དེ་ཤ་ཁྲག་གི་ལུས་རང་དུ་འབོར་དགོས་སྙམ་ན། ས་དང་པོའི་བདེན་པ་གཟིགས་པ་ལ་སྐུ་ལུས་བོར་བ་མངོན་པའི་གཞུང་ན་འདུག ས་བཅུའི་ཡེ་ཤེས་ཀྱི་རྟོགས་པ་ལ་ཁྱད་ཅི་ཡོད་ཟེར་ན་རང་སེམས་འོད་གསལ་རྟོགས་པའི་འབད་རྩོལ་གྱིས་བསྒོམས་པས། རྣམ་རྟོག་གི་དྲི་མ་རེ་རེ་ནས་ཟད་པའི་ཁྱད་ཡོད། དཔེ་ནོར་བུ་སྦྱོང་པའི་ཆོས་བཅུས་གསུངས་སོ། །མྱ་ངན་འདས་པ་བྱ་བ་ཅི་ལ་ཟེར་ན་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པ་ལ་བྱ། ཉན་ཐོས་དང་རང་སངས་རྒྱས་ཡིད་ལུས་༼༣ ན༽སུ་བཤད་པ་ཟེར་ན། བསམ་གྱིས་མི་ཁྱབ་པའི་དབྱིངས་ན་ཟག་པ་མེད་པའི་ལས་ཀྱིས་རྒྱུ་བྱས། མ་རིག་པའི་བག་ཆགས་ཀྱིས་རྐྱེན་བྱས། ཡིད་ལུས་ཀྱི་ཕུང་པོ་སྐྱེས། བསམ་གྱིས་མི་ཁྱབ་པའི་འཆི་བ་ཡོད་པ་ཡིན། དེ་སངས་རྒྱས་ཀྱི་ཐུགས་རྗེས་བསྐུལ་ནས་སྤྲུལ་པའི་ལུས་ཀྱིས་ཚོགས་གསོག་ཏུ་བཅུག་ནས་གདོད་སངས་རྒྱ་བ་ཡིན། མཐར་ཐེག་པ་གཅིག་ཏུ་འགྲོ་བ་ཡིན། རྟོགས་ལུས་ལ་ཐེག་པ་གསུམ་དང་རིགས་ཅན་དེ། འབྲས་བུའི་ས་གསུམ་ན་རྣམ་སྨིན་གྱི་ཡེ་ཤེས་ཡོད་པར་གསུངས་ན་སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་ཅི་ཡོད་ཟེར་ན། ཡེ་ཤེས་ཀྱི་ངོ་བོ་ལ་འབད་རྩོལ་མི་དགོས་པར་མཉམ། ཕན་པའི་ཡོན་ཏན་གསུམ་ས་གསུམ་གྱི་བཤད་པའི་དགོངས་པ་དེ་ཡིན། རྒྱལ་བུ་ནར་སོང་བ་དབང་མ་བསྐུར་བའི་དཔེས་བཤད། སངས་རྒྱས་ཀྱི་རྣམ་རྟོག་གི་བག་ཆགས་ཟད་པས། ཡེ་ཤེས་རྫོགས་པས་ཁྱད་ཡོད་གསུང་། ལམ་རྒྱུད་ལ་སྐྱེས་པའི་ངེས་ཤེས་ཅི་ལ་བྱེད་ཟེར། སེམས་འོད་གསལ་རྟོགས་པས་རྣམ་རྟོག་དང་ཉོན་མོངས་པ་ཆུང་ངུ་སོང་། སེམས་ཅན་ལ་སྙིང་རྗེ་སྐྱེ་ན་ཆོས་ལམ་དུ་སོང་བ་ཡིན། འོད་གསལ་ཅི་ལ་བརྟེན་ནས་ངོ་ཤེས་པར་བྱེད་ཅེ་ན། རང་གི་སེམས་ཀྱི་རང་བཞིན་སྐྱེ་འགག་མེད་པའམ་བརྗོད་པ་བཀག་པས་ཤེས་པར་བྱེད། སྤྱིར་རྗེ་བཙུན་བྱམས་པ་༼༣ བ༽བསྒོམ་བྱེད་ཙ་ན་རྟོག་པ་འཇིག་ལུགས་གཉིས་ཡོད། རང་བཞིན་གྱི་མཚན་མ་བྱ་བ་ཇི་ལྟར་སྣང་བ་འདི་ཡི་ངོ་བོ་ཇི་ལྟར་ཡིན་སྙམ་དུ་དཔྱད་ནས་རྟོག་པ་འཇིག་པའམ་རྣམ་རྟོག་གི་བློ་ལ་སྣང་བའི་གཟུགས་བརྙན་བསྒོམས་པ་ལ་ལྟོས་ནས་འཇིག་པ་གཅིག་ཡོད་དེ་གཉིས་བསྲེས་ནས་མི་འོང་། ཉེས་པ་བློ་བུར་བ་བྱ་བ་ཅི་ལ་ཟེར་ན་རྣམ་པར་རྟོག་པའི་འཁྲུལ་སྣང་ལ་ཟེར་ན། དེ་གཞི་ཡོད་འཁྲུལ་ཡིན་ནམ་མེད་འཁྲུལ་ཡིན་ཟེར་ན། ཆོས་ཉིད་ཀྱི་གཞི་ཡོད་འཁྲུལ་ཡིན་ཀྱང་རྟོག་པའི་ངོ་བོ་ཡོད་འཁྲུལ་དང་མེད་འཁྲུལ་གཉིས་ཀ་མིན། རང་བྱུང་གི་ཡེ་ཤེས་བསམ་བརྗོད་དང་བྲལ་བ་ལ་རྣམ་རྟོག་གི་ཡུལ་དུ་བྱས་པས་འཁྲུལ། ལོངས་སྐུ་དང་སྤྲུལ་གཉིས་ཁྱད་ཅི་ཡོད་ཟེར་ན་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ལྟར་གདུལ་བྱ་ལ་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་གཟུགས་བརྙན་སྣང་བ་ཡིན། དེ་རང་གི་སེམས་ཀྱི་སྣང་བར་ངོ་ཤེས་པས་ས་ཐོབ་ནས་ལོངས་སྐུར་འགྲོ། རང་གི་སེམས་ལོགས་ན་རང་རྒྱུད་ཀྱི་སངས་རྒྱས་སུ་འཛིན་ནས་སྤྲུལ་སྐུར་འགྲོ། ངོ་བོ་ལ་ཁྱད་མེད་པ་ཡིན། སྤྱིར་གཟུགས་སྐུ་རྣམ་གཉིས་རྣམ་སྨིན་གྱི་འབྲས་བུར་བཤད་པ་དང་། རྒྱུ་མཐུན་དུ་༼༤ཀ ན༽བཤད་པ་གཉིས་ཡོད། རི་དང་ཁང་པ་ལ་སོགས་པ་འདི་ཀུན་རྣམ་རྟོག་གི་སྣང་བ་གཅིག་ཡིན་ཕྱི་རོལ་ན་ཡོད་པ་གཅིག་ཡིན་ཟེར་ན། རྣམ་རྟོག་གི་སྣང་བ་གཅིག་ཡིན་ཕྱི་རོལ་ན་མེད། རྨི་ལམ་ན་མེད་ཀྱང་རི་ཁང་པར་སྣང་བ་དང་འདྲ། འོ་ཅག་གི་སྣང་བ་འདི་ས་ཐོབ་པ་ལ་སྣང་ངམ་མི་སྣང་ཟེར་ན། འུ་ཅག་གི་སྣང་བ་འདི་རྨི་ལམ་བཞིན་དུ་སྣང་བས་གཞན་དོན་དུ་ཐུགས་རྗེ་མི་འགྱུར། བདེན་པར་འཛིན་པའི་རྩ་བ་རྟོག་པ་འོད་གསལ་དུ་ངོ་ཤེས་པས་རང་དོན་དུ་རྟོགས་པ་མི་འགྱུར། ལོངས་སྐུའི་སངས་རྒྱས་དང་ས་ཐོབ་པ་ཐམས་ཅད་འདི་ཀ་རང་ན་བཞུགས་པ་ཡིན། རང་གི་སེམས་ནམ་མཁའ་དག་པ་ན་བདེ་བ་ཅན་འདིར་འོང་པ་ཡིན། ཞལ་མི་མཐོང་པ་ཅིས་ལན་ཟེར་ན་སྙིགས་མ་ལྔའི་རྟོག་པས་སྒྲིབ་པར་གསུངས། ལས་ཀྱི་སྒྲིབ་པ་ཅི་ལ་ཟེར་ན་མཚམས་མེད་ལྔའམ། ཆོས་སྤངས་པ་ལ་ཟེར། སྨིན་གྱི་སྒྲིབ་པ་ཅི་ལ་ཟེར་ན་བདག་ཏུ་འཛིན་པ་ལས་བྱུང་བ་ཐར་པ་ལ་གེགས་བྱེད་པ་ལ་བྱ་ཟེར། ཤེས་བྱའི་སྒྲིབ་པ་ཅི་ལ་བྱ་ཟེར་ན་ཆོས་སྐུ་སྟོང་པ་ལས་བྱུང་བ་སངས་རྒྱས་ཐོབ་པའི་གེགས་བྱེད་པ་ལ་ཟེར། འདོད་པ་ལ་བློ་ལོག་པ་དང་འཁོར་བ་ལ་སྐྱོ་བ་སྐྱེས་པ་གཉིས་གང་བཟང་ཟེར་ན་འདོད་པ་ལས་བློ་ལོག་པ་མུ་སྟེགས་པ་ཡང་༼༤ཀ བ༽ཡོད། འཁོར་བ་ལས་སྐྱོ་བ་སྐྱེས་པ་ལམ་སྣ་དང་པོ་ཡིན། འཁོར་བ་བྱ་བ་རང་གི་ཕུང་པོ་ལྔ་ཡིན། དེ་སྡུག་བསྔལ་གྱི་རྩ་བར་རྟོགས་ནས་ཡིད་བྱུང་ན་སྐྱོ་བ་སྐྱེས་པ་ཡིན། དེ་ལ་བདག་ཏུ་འཛིན་པ་འཁྲུལ་པར་གོ་ཙ་ན་ཉན་ཐོས་ཀྱི་ལམ་སྣ་ཟིན་པ་ཡིན། རང་གི་ཕུང་པོ་ལ་བརྟག་དཔྱད་མ་ཤེས་པས་ཉི་ཚེ་བའི་སྒོམ་གྱིས་བསླུས་པ་མང་ངམ་སེམས། (སྐུ་གསུམ་འཐོབ་པའི་རྒྱུ་ཡིན། ཪང་སེམས་འོད་གསལ་དུ་བསྒོམས་པས་ཆོས་སྐུ་འཐོབ། རྣམ་རྟོག་གཞི་མེད་དུ་བསྒོམས་པས་ལོངས་སྐུ། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་བསྒོམས་ལས་སྤྲུལ་སྐུ་འཐོབ།) སངས་རྒྱས་ཀྱི་སྐུ་གསུམ་ཇི་ལྟར་ཐོབ་པ་ཡིན་ཟེར། རང་སེམས་འོད་གསལ་འདུས་མ་བྱས་པའི་དོན་རྣམ་རྟོག་ཟད་པ་ལ་ཆོས་སྐུ། རྣམ་རྟོག་ཟད་པ་དང་དུས་མཉམ་དུ་རང་འབྱུང་གི་ཡེ་ཤེས་གདུལ་བྱ་རྒྱུད་དག་པ་ལ་མཚན་སུམ་ཅུ་རྩ་གཉིས་སུ་སྣང་བ་ལོངས་སྐུ། རྒྱུད་དག་པ་ལ་སྣང་བ་སྤྲུལ་སྐུ། མཉམ་བཞག་དང་རྗེས་ཐོབ་ཏུ་བཤད་པ་འདུག་ན་འདིར་མི་བཞེད། སངས་རྒྱས་ཀྱི་ས་ལ་ཡེ་ཤེས་རྒྱུན་ཆད་དམ་མ་ཆད་ཟེར་ན། སངས་རྒྱས་ཀྱི་ཡེ་ཤེས་འདུས་བྱས་སུ་ཡོད་ན་རྒྱུན་མ་ཆད་པ་བདེ་སྟེ། བྱང་ཆུབ་སེམས་དཔའ་དང་ཁྱད་མེད་དུ་ཐལ་ཉེན་ཡོད། ཡེ་ཤེས་རྒྱུན་མ་ཆད་པར་འདོད་པས་ཕྱོགས་གཅིག་གོ་གསུང་། རང་བྱུང་གི་ཡེ་ཤེས་རྒྱུས་མ་བྱས་པས་རྒྱུན་མ་ཆད་བྱ་བ་རང་མེད་ནས་རྣམ་རྟོག་ཟད་པས་སྐྱེ་འགག་མེད་པར་གནས་པ་ཡིན། ཡེ་ཤེས་རྒྱུན་ཆད་པ་དང་ཁྱད་ཅི་ཡོད་༼༤ཁ ན༽ཟེར་ན་རྒྱུན་ཆད་འདུས་བྱས་ཟད་པས་ནམ་མཁའ་ལྟར་ཆོས་ཉིད་འབའ་ཞིག་ཏུ་འདོད་པ་ཡིན། འདིར་རྣམ་རྟོག་གི་བློས་མ་བྱས་པའི་ཡེ་ཤེས་བརྗོད་འདས་སུ་ཡོད་པ་ཡིན་པས་ཁྱད་མེད། ཇི་ལྟར་འགྲོ་བ་ལྔ་འཁྲུལ་པ་ཡིན་ན། རྣམ་རྟོག་གི་ངོ་བོ་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་དབྱིངས་ཡིན། གནས་ལུགས་འཁྲུལ་སྣང་མཐོང་པ་འདི་ཚེ་རང་ཡིན། སྔར་འཁྲུལ་སྣང་ལ་འཁྲུལ་སྣང་དུ་ངོ་མ་ཤེས་མ་མྱོང་པས་འཁོར་བ་རྒྱུན་མ་ཆད་པ་ཡིན། འཁྲུལ་པ་ཇི་ལྟར་བཟློག་ཟེར་ན། འཁྲུལ་པ་ལ་བདེན་པར་འཛིན་པའི་ཞེན་པ་བཟློག་ནས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་རླུང་འགོག་པས་བཟློག དེ་བཞིང་བདག་རང་ནང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ། །འགྲོ་བ་ཉོན་མོངས་དབང་གིས་ཡིད་མ་ཞི་བས་སྡུག་བསྔལ་ཉིད་ལ་གནས། །རྗེ་བཙུན་བྱམས་པས་གསུངས། དབུ་མ་རྟོགས་པས་རང་བྱུང་གི་སངས་རྒྱས་ཡོད་པ་ལ་མི་གནོད་ཟེར་ན་འདུས་བྱས་ལ་གནོད་དེ་བློ་བུར་དྲི་མའི་མ་ཡིན། རྣམ་རྟོག་གི་ཡུལ་བདེན་ཞེན་འགོག་པ་དབུ་མ་དང་མཐུན། རང་བྱུང་གི་ཡེ་ཤེས་ཡུལ་མེད་དུ་ཡོད་བྱས་པས་ཡོད་ཁྱད་ཡོད། རང་བྱུང་༼༤ཁ བ༽གི་ཡེ་ཤེས་ཡོད་ན་སེམས་ཙམ་རང་རིག་དང་ཁྱད་པར་ཅི་ཡོད་ཟེར་ན། སྣང་བ་འདི་རྣམ་པར་རྟོག་པའི་སྣང་བར་འདོད་དེ་སེམས་ཙམ་དང་མཐུན། འོད་གསལ་རྟོགས་པའི་དུས་ན་རྣམ་རྟོག་རང་བྱུང་གི་ཡེ་ཤེས་ཆོས་སྐུར་འདོད་དེས་ཁྱད་པར་ཡོད། སྤྱིར་བླ་མ་དོན་དམ་དང་སངས་རྒྱས་གཉིས་ངོ་བོ་གཅིག་ཡིན་གསུང་། ཀུན་རྫོབ་དང་སེམས་ཅན་གཉིས་ངོ་བོ་གཅིག་ཡིན། ཀུན་རྫོབ་ལ་གཉིས་ཡོད་པར་བཞེད་མ་དག་པའི་ཀུན་རྫོབ། ཆོས་སྐུ་ལ་ཉོན་མོངས་པ་དང་ལས་ཀྱིས་བློ་བསྒྲིབས་པས་འཁོར་བར་འཁྱམས་པ་ཡིན་གསུང་། དག་པའི་ཀུན་རྫོབ་ཆོས་སྐུ་རྟོགས་པས་རྣམ་པར་རྟོག་པའི་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་རྟོགས་པས་འཕགས་པ་ཡིན་གསུང་། འོ་ན་འདུས་བྱས་ཀྱི་དགེ་བ་མ་བྱས་པར་སངས་རྒྱས་བཏུབ་བམ་མི་བཏུབ་བྱས་པས་མི་བཏུབ་གསུང་། ཇི་ལྟར་མི་བཏུབ་ན་དཔེར་ན་ནོར་བུ་རིན་པོ་ཆེ་མ་བཅོས་པར་ཡོད་ཀྱང་སྦྱང་པ་མ་བྱས་ན་ཡོན་ཏན་མི་འབྱུང་། དེ་བཞིན་དུ་རང་སེམས་འོད་གསལ་གྱི་སངས་རྒྱས་ཡོད་ཀྱང་ཉོན་མོངས་པ་ལས་མ་གྲོལ་ན་སངས་རྒྱས་ཀྱི་བྱ་བ་མི་བྱེད། དེས་ན་སེམས་ཅན་གྱི་སྒྲིབ་པ་སྦྱང་པ་དང་ས་བཅུ་པའི་ཡེ་ཤེས་ཀྱི་རྒྱུ་ཚོགས་བསགས་པ་ཤིན་ཏུ་གལ་ཆེ་གསུང་། འདུས་བྱས་ཀྱི་དགེ་བ་ལས་སངས་རྒྱས་ཀྱི་ཡེ་ཤེས་འབྱུང་ཞིང་༼༥ ན༽སྔར་པ་གཅིག་བསྐྱེད་དམ་བྱས་པས་སངས་རྒྱས་ཡེ་ཤེས་དེ་དགེ་བས་བསྐྱེད་པ་མིན། བསྐྱེད་ན་སྐྱོན་ཅི་ཡོད་ན་འདུས་བྱས་ཡིན་པས། རྒྱུ་ཟད་ནས་རྒྱུན་ཆད་ནས་སེམས་ཅན་གྱི་དོན་མི་འོང་གསུང་། འོ་ན་ཚོགས་བསགས་པས་ཅི་བྱེད་བྱས་པས་ད་ལྟའི་འཁྲུལ་པའི་དྲི་མ་རགས་པ་སེལ་བས་ས་བཅུའི་ཡེ་ཤེས་རྒྱུད་ལ་སྐྱེ་དགོས། དེ་ལ་ཚོགས་བསགས་དགོས་གསུང་། ས་བཅུའི་ཡེ་ཤེས་དེའི་རྒྱུ་མཚན་ཉིད་པ་ཟེར་བ་ལྟར་སངས་རྒྱས་ཀྱི་ས་ན་ཡོད་པ་མ་ཡིན་བྱས་པས་མ་ཡིན་གསུང་། རྒྱུན་བྱ་བ་འདུས་བྱས་ཀྱི་རྟོག་པ་ལ་ཟེར་བ་ཡིན་སངས་རྒྱས་ས་ན་འདུས་བྱས་ཀྱི་རྟོག་པ་ཟད་གསུང་། འདུས་བྱས་བདེན་པར་འཛིན་པའི་རྟོག་པ་དང་པོ་རྒྱུད་ལ་སྐྱེས་པ་ན་མེད་པ་ལ་ཡེ་ཤེས་ཡོད་པས་རྒྱུན་འོང་པ་མ་ཡིན་ནམ་བྱས་པས་ས་བཅུའི་ཡེ་ཤེས་ཀྱང་འུ་ཅག་ལ་ལྟོས་ནས་ཡེ་ཤེས་སུ་འགྲོ། སངས་རྒྱས་ལ་ལྟོས་ནས་རྣམ་རྟོག་ཕྲ་མོ་གཅིག་རང་ཡིན་གསུང་། དེ་མེན་ན་ཡིད་ལུས་ཀྱི་སྐྱེ་བ་ལ་སོགས་པ་བཞིས་མ་དག་པས་མི་བཏུབ་གསུང་། འོ་ན་རྣམ་རྟོག་གིས་གྲོལ་བར་ཅང་རིགས་སམ་བྱས་པས། སོ་སོ་སྐྱེ་བོའི་རྣམ་རྟོག་རང་རྒྱུད་པ་ཉན་ཐོས་ཀྱི་རྟོག་པས་གྲོལ། ཉན་ཐོས་ཀྱི་རྣམ་རྟོག་བྱང་ཆུབ་སེམས་དཔའི་རྟོག་པས་གྲོལ། བྱང་ཆུབ་སེམས་དཔའི་༼༥ བ༽རྟོག་པ་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་མ་བྱས་པ་རྩོལ་བ་མེད་པ་གནས་ལུགས་ཇི་ལྟ་བ་དེར་གྲོལ་ནས་འགྲོ་བ་གསུངས། སོ་སོ་སྐྱེ་བོས་བྱས་པ་དང་འཕགས་པས་བྱས་པའི་བསྟན་བཅོས་ཀྱི་ཁྱད་པར་ཅིས་འབྱེད་བྱས་པས། འཕགས་པས་མཛད་པའི་ཆོས་ཡིན་ན། ལུང་དང་སུན་འབྱིན་དང་ང་རྒྱལ་གྱི་སྨོད་ཚིག་མི་འོང་། སོ་སོ་སྐྱེ་བོས་བྱས་པའི་ཆོས་ལ་དེ་ཚོ་འོང་གསུངས། འཕགས་པ་ལ་ལུང་མི་འོང་པ་ཅང་རིགས་སམ་བྱས་པས་མུས་ལོང་ལམ་དུ་འགྲོ་བ་ལ་ལུང་དགོས་པ་ཡིན། མིག་ཅན་ལམ་དུ་འགྲོ་བ་ལ་ལུང་གིས་ཅི་བྱེད་གསུང་། ཚིག་གི་རྗེས་སུ་འབྲངས་ནས་གྲུབ་མཐའ་འཇོག་པ་ལ་སུན་འབྱིན་འོང་པ་ཡིན། དོན་རྟོགས་པ་ལ་སུན་དབྱུང་རྒྱུ་མེད། སུན་འབྱིན་དོད་པོར་སྙིང་རྗེར་གཞུང་དུ་བྱས་པ་མང་བ་ཡིན་གསུངས། ཡེ་ཤེས་ཀྱི་འཇོག་ས་ལ་བདེ་བའི་གནད་ཅི་ཡིན་ཚིག་ཏུ་ཞུས་པ་ཟིན་བྲིས་རྫོགས་སོ།། བླ་མ་སྣར་ཐང་པ་བརྒྱད་པ་བྱོན་པ་དེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་ལ་གནང་སྟེ་ཡི་གེར་བྲིས་པའོ།། ཞུས་དག་པར་བྱས་སོ།། དམ་པས་བསྔགས་པའི་གནས་མཆོག་སྣར་ཐང་དུ་བྲིས་ཤིང་ཞུས་སོ།། །།
{{6nbsp}}བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །

བཅོམ་ལྡན་འདས་རྗེ་བཙུན་བྱམས་པའི་གཞུང་ལ་འཆི་ཕོས་བྱེད་པའི་ཡིད་ཆེས་ཀྱི་ས་ཡིན། ཆོས་ཅི་རུང་རུང་ལ་ཡིད་ཆེས་མི་བྱ་སླུ་ཉེན་ཡོད། ངེས་དོན་གྱི་གདམས་ངག་ཐེག་པ་ཆེན་པོ་རྒྱུད་བླ་མ་ཡིན། འདིར་རྡོ་རྗེའི་གནས་བདུན་དུ་འདུས། སངས་རྒྱས་བྱ་བ་རང་གི་སེམས་འོད་གསལ་གྱི་དོན་རྟོགས་པས་རྣམ་རྟོག་ཟད་པའི་རང་འབྱུང་གི་ཡེ་ཤེས་ལ་ཟེར། ཆོས་བྱ་བ་གཉིས་ཡིན་དོན་དམ་པ་འི་ཆོས་འགོག་པའི་བདེན་པ་དེ་རྟོགས་པའི་ཡེ་ཤེས་ལམ་གྱི་བདེན་པ་ཡིན། འགོག་པ་དང་རང་སེམས་འོད་གསལ་བསམ་མེད་དེ་རྟོག་པ་དང་། ཉོན་མོངས་པ་དང་བྲལ་བ་ལམ་ཟེར། ལམ་ལ་ཆོས་གསུམ་ཚང་དགོས། རང་སེམས་འོད་གསལ་རྟོགས་པས་སྔར་བསགས་ཀྱི་ཉོན་མོངས་པ་དག ཤེས་བྱའི་རང་བཞིན་འོད་གསལ་དུ་གསལ་བར་རྟོགས། ཕྱིས་སྒྲོ་འདོགས་ཀྱི་བློ་གཞུག་པའི་གཉེན་པོར་སོང་པ་ལ་ཟེར། དགེ་འདུན་རང་གི་སེམས་འོད་གསལ་དུ་རྟོགས་པའི་ཤེས་རབ། གཞན་གྱི་སེམས་འོད་གསལ་དུ་རྟོགས་པའི་སྙིང་རྗེ་དུས་གཅིག་ཏུ་སྐྱེས་པ་ལ་ཟེར།

{{6nbsp}}དེ་གསུམ་རང་གི་སེམས་ཉིད་ཀྱི་ཆོས་ཉིད་མ་རྟོགས་བར་དུ་སྐྱབས་གནས་སུ་བཞེད། དེ་ཀ་ལ་ཀུན་རྫོབ་རེ་ཤིག་པའི་སྐྱབས་འགྲོ་༼༢༽ཟེར། རྒྱུད་ལ་སྐྱེས་པའི་དུས་སུ་དཀོན་མཆོག་གསུམ་ལ་བྱིན་བརླབས་ཡོད་པར་ངེས་ཤེས་སྐྱེས་པ་ལ་ཟེར། རང་སེམས་ཆོས་སྐུ་རྟོགས་པ་དངོས་སུ་མ་སྐྱེས་མོས་པའི་སྒོ་ནས་སྐྱབས་གནས་སུ་འདོད། ཀུན་རྫོབ་རེ་ཤིག་གི་སྐྱབས་གནས། དོམ་དམ་པ་གཏན་གྱི་སྐྱབས་གནས་རང་སེམས་ཆོས་སྐུ་མ་རྟོགས་པ་ལ་ཟེར། རྣམ་རྟོག་མ་ཟད་ན་སྡུག་བསྔལ་ལས་བསྐྱབ་པར་མི་ནུས། རང་གི་རྣམ་རྟོག་འཛད་པ་ལ་ཆོས་སྐུ་བསྒོམ་དགོས། རང་གི་སེམས་ཀྱི་རང་བཞིན་འདི་སངས་རྒྱས་མིན་ན་བསྒྲུབ་དུ་མི་བཏུབ།

{{6nbsp}}སེམས་ཀྱི་ངོ་བོ་སངས་རྒྱས་ཡིན་པ་ལ་ཁམས་ཟེར། དེ་མ་རྟོགས་པའི་རྣམ་རྟོག་གི་རྒྱུན་ལ་སེམས་ཅན་ཟེར། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་བྱ་བ་རྣམ་རྟོག་གིས་རང་སེམས་བསྒྲིབས་པ་ལ་ཟེར། རང་སེམས་འོད་གསལ་བྱ་བ་རྣམ་རྟོག་གི་ཡུལ་དུ་མ་གྱུར་པས་གཉེན་པོས་མ་བཅོས་པར་དག་པ་ལ་ཟེར། དེ་མི་རྟོགས་པའི་རྒྱུ་ཡིན་ཟེར་ན་ཐེག་པ་ཆེན་པོའི་ཆོས་ལ་ཡིད་ཆེས་མ་སྐྱེས་པས་སྒྲིབས། ཐེག་པ་ཆེན་པོ་བྱ་བ་རང་སེམས་འོད་གསལ་རྟོགས་པའི་ཤེས་རབ་དང་སྙིང་རྗེ་དུས་མཉམ་དུ་སྐྱེས་པ་ལ་ཟེར། ཆོས་སྐུ་རང་བཞིན་གྱིས་དག་ཀྱང་བློ་བུར་གྱི་དྲི་མ་དང་བྲལ་བའི་ས་བོན་ཐེག་པ་ཆེན་པོའི་ཆོས་ལ་མོས་པར་གསུངས། གྲུབ་མཐས་བློ་མ་བསྒྱུར་ཞིང་འཁོར་བ་ལ་ཞེན་པའི་མི་ལ་སངས་རྒྱ་བའི་ས་བོན་མེད་༼༣༽པས་མ་རྟོགས་པ་ཡིན། ཐེག་པ་ཆེན་པོའི་རིགས་ཀྱི་སེམས་ཅན་ལ་ཁྱབ་པར་གསུངས་པ་ཟེར་ན། རང་བཞིན་དུ་གནས་པའི་རིགས་སེམས་ཅན་ཐམས་ཅད་ཀྱི་ངོ་བོ་འདུས་མ་བྱས་པའི་ཆོས་སྐུས་མ་ཁྱབ་པ་གཅིག་ཀྱང་མེད། དེའི་ངོས་ནས་རིགས་མ་ཆད་པ་བདེ། ཡང་དག་པར་བླངས་པའི་རིགས་འོད་གསལ་རྟོགས་པའི་ས་བོན་འཁོར་བ་ལ་སྐྱོ་བ་སྐྱེས་པའི་ནུས་པ་ལ་ཟེར། རྐྱེན་ཐེག་པ་ཆེན་པོའི་ཆོས་ཐོས་པ་ལ་འཁོར་བ་ལ་སྐྱོ་བ་མ་སྐྱེས་པ་རིགས་ཆད་ཡིན།

{{6nbsp}}ཆོས་ཀྱི་སྐུ་བྱ་བ་སེམས་རང་བཞིན་གྱིས་དག་པ་རྟོགས་པས་རྣམ་རྟོག་གི་དྲི་མ་བག་ཆགས་དང་བཅས་པ་དག་པ་ལ་ཟེར། སངས་རྒྱས་ཀྱི་ཡེ་ཤེས་བྱ་བ་སྒྲ་བརྗོད་པ་དང་རྣམ་རྟོག་གི་དྲི་མས་བསམ་དུ་མེད་པའི་དོན་རྟོགས་པ་ལ་ཟེར། སེམས་ཅན་གྱི་འཁྲུལ་སྣང་འདི་སངས་རྒྱས་ཀྱིས་མཁྱེན་ནམ་མི་མཁྱེན་ཟེར་ན། མཁྱེན་ན་སེམས་ཅན་རང་བཞིན་གྱིས་འོད་གསལ་བ་དེ་སངས་རྒྱས་རང་དང་ཁྱད་མེད་དུ་དག་པར་མཁྱེན། དེ་ལ་མཁྱེན་པའི་ཡེ་ཤེས་ཀྱི་གཞན་དོན་ཟེར་བ་ཡིན། སེམས་ཅན་གྱི་རྣམ་པར་རྟོག་པ་བློ་བུར་བ་གདོད་མ་ནས་ཟད་པར་མཁྱེན་པ་དེ་ལ་བརྩེ་བའི་ཐུགས་རྗེའི་གཞན་དོན་ཟེར་བ་ཡིན།

{{6nbsp}}རྣམ་རྟོག་ཟད་པར་མཁྱེན་ན་སེམས་ཅན་ད་ལྟ་ཅིས་བཅིངས་ནས་འཁོར་ཟེར་ན། ༼༤༽རྣམ་རྟོག་གི་སྣང་བ་ལ་ཉོན་མོངས་པས་ཞེན་པས་བཅིངས། སོ་སོའི་སྐྱེ་བོ་དང་ས་ཐོབ་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་ཁྱད་ཅི་ཡིན་ཟེར་ན། སོ་སོ་སྐྱེ་བོས་རང་གི་སེམས་འོད་གསལ་རྟན་མ་རྟོགས་པའི་རྣམ་རྟོག་གི་སྣང་བ་རྟས་བ་ལ་ཡང་དག་ཏུ་བཟུང་པ་ཡིན། བྱང་ཆུབ་སེམས་དཔའ་རང་གི་སེམས་འོད་གསལ་རྟོགས་པས་འཁོར་བའི་སྣང་བ་ཐམས་ཅད་རྣམ་རྟོག་ཙམ་དུ་རྟོགས་པ་ཡིན།

{{6nbsp}}ས་ཐོབ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ལུས་སུ་ཡོད་པ་མིན། འཁོར་ལོ་སྒྱུར་བ་ལ་སོགས་པའི་ལུས་ཡོད་པར་གསུང་པ་ཟེར་ན། སྨོན་ལམ་གྱི་དབང་གིས་སྐྱེ་བ་ཡིན་ན་ཤ་ཁྲག་གི་ལུས་མེད་གསུང་སྟེ། དང་པོ་ལམ་སྐྱེས་པའི་རྟེན་དེ་ཤ་ཁྲག་གི་ལུས་རང་དུ་འབོར་དགོས་སམ་སྙམ་ན། ས་དང་པོའི་བདེན་པ་གཟིགས་པ་ལ་སྐུ་ལུས་བོར་བ་མངོན་པའི་གཞུང་ན་འདུག

{{6nbsp}}ས་བཅུའི་ཡེ་ཤེས་ཀྱི་རྟོགས་པ་ལ་ཁྱད་ཅི་ཡོད་ཟེར་ན་རང་སེམས་འོད་གསལ་རྟོགས་པའི་འབད་རྩོལ་གྱིས་བསྒོམས་པས། རྣམ་རྟོག་གི་དྲི་མ་རེ་རེ་ནས་ཟད་པའི་ཁྱད་ཡོད། དཔེ་ནོར་བུ་སྦྱོང་བའི་ཆོས་བཅུས་གསུངས་སོ། །
མྱ་ངན་འདས་པ་བྱ་བ་ཅི་ལ་ཟེར་ན་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པ་ལ་བྱ། ཉན་ཐོས་དང་རང་སངས་རྒྱས་ཡིད་ལུས་༼༥༽སུ་བཤད་པ་ཟེར་ན། བསམ་གྱིས་མི་ཁྱབ་པའི་དབྱིངས་ན་ཟག་པ་མེད་པའི་ལས་ཀྱིས་རྒྱུ་བྱས། མ་རིག་པའི་བག་ཆགས་ཀྱིས་རྐྱེན་བྱས། ཡིད་ལུས་ཀྱི་ཕུང་པོ་སྐྱེ། བསམ་གྱིས་མི་ཁྱབ་པའི་འཆི་བ་ཡོད་པ་ཡིན། དེ་སངས་རྒྱས་ཀྱི་ཐུགས་རྗེས་བསྐུལ་ནས་སྤྲུལ་པའི་ལུས་ཀྱིས་ཚོགས་སོག་ཏུ་བཅུག་ནས་གདོད་སངས་རྒྱ་བ་ཡིན། མཐར་ཐེག་པ་གཅིག་ཏུ་འགྲོ་བ་ཡིན། རྟོགས་ལུས་ལ་ཐེག་པ་གསུམ་དང་རིགས་ཅན་བདེ།

{{6nbsp}}འབྲས་བུའི་ས་གསུམ་ན་རྣམ་སྨིན་གྱི་ཡེ་ཤེས་ཡོད་པར་གསུངས་ན་སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་ཅི་ཡོད་ཟེར་ན། ཡེ་ཤེས་ཀྱི་ངོ་བོ་ལ་འབད་རྩོལ་མི་དགོས་པར་མཉམ། ཕན་པའི་ཡོན་ཏན་གསུམ་པ་གསུམ་གྱི་བཤད་པའི་དགོངས་པ་དེ་ཡིན། རྒྱལ་བུ་ནར་སོང་བ་དབང་མ་བསྐུར་བའི་དཔེས་བཤད། སངས་རྒྱས་ཀྱི་རྣམ་རྟོག་གི་བག་ཆགས་ཟད་པས། ཡེ་ཤེས་རྫོགས་པས་ཁྱད་ཡོད་གསུང་།

{{6nbsp}}ལམ་རྒྱུད་ལ་སྐྱེས་པའི་ངེས་ཤེས་ཅི་ལ་བྱེད་ཟེར། སེམས་འོད་གསལ་རྟོགས་པས་རྣམ་རྟོག་དང་ཉོན་མོངས་པ་ཁུང་དུ་སོང་། སེམས་ཅན་ལ་སྙིང་རྗེ་སྐྱེ་ན་ཆོས་ལམ་དུ་སོང་བ་ཡིན། འོད་གསལ་བ་ལ་རྟེན་ནས་ངོ་ཤེས་པར་བྱེད་ཅེ་ན། རང་གི་སེམས་ཀྱི་རང་བཞིན་སྐྱེ་འགག་མེད་པའི་བརྗོད་པ་བཀག་པས་ཤེས་པར་བྱེད། སྤྱིར་རྗེ་བཙུན་བྱམས་པ་༼༦༽བསྒོམ་བྱེད་ཙ་ན་རྟོག་པ་འཇིག་ལུགས་གཉིས་ཡོད། རང་བཞིན་གྱི་མཚན་མ་བྱ་བ་ཇི་ལྟར་སྣང་བའི་འདི་ཡི་ངོ་བོ་ཇི་ལྟར་ཡིན་མཉམ་དུ་དཔྱད་ནས་རྟོག་པ་འཇིག་པའམ་རྣམ་རྟོག་གི་བློ་ལ་སྣང་བའི་གཟུགས་བརྙན་བསྒོམས་པ་ལ་མ་ལྟོས་ན་འཇིག་པ་གཅིག་ཡོད་དེ་གཉིས་བསྲེས་ནས་མི་འོང་།

{{6nbsp}}ཉེས་པ་བློ་བུར་བ་བྱ་བ་ཅི་ལ་ཟེར་ན་རྣམ་པར་རྟོག་པའི་འཁྲུལ་སྣང་ལ་ཟེར་ན། དེ་གཞི་ཡོད་འཁྲུལ་ཡིན་ནམ་མེད་འཁྲུལ་ཡིན་ཟེར་ན། ཆོས་ཉིད་ཀྱི་གཞི་ཡོད་འཁྲུལ་ཡིན་ཀྱང་རྟོག་པའི་ངོ་བོ་ཡོད་འཁྲུལ་དང་མེད་འཁྲུལ་གཉིས་ཀ་མིན་དར་ཕྱུང་གི་ཡེ་ཤེས་བསམ་བརྗོད་དང་བྲལ་བ་ལ་རྣམ་རྟོག་གི་ཡུལ་དུ་བྱས་པས་འཁྲུལ།

{{6nbsp}}ལོངས་སྐུ་དང་སྤྲུལ་གཉིས་ཁྱད་ཅི་ཡོད་ཟེར་ན་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ལྟར་གདུལ་བྱ་ལ་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་གཟུགས་བརྙན་སྣང་བ་ཡིན། དེ་རང་གི་སེམས་ཀྱི་སྣང་བར་ངོ་ཤེས་པས་ས་ཐོབ་ནས་ལོངས་སྐུར་འགྲོ། རང་གི་སེམས་ལོགས་ན་རང་རྒྱུད་ཀྱི་སངས་རྒྱས་སུ་འཛིན་སྤྲུལ་སྐུར་འགྲོ། ངོ་བོ་ལ་ཁྱད་མེད་པ་ཡིན། སྤྱིར་གཟུགས་སྐུ་རྣམ་གཉིས་རྣམ་སྨིན་གྱི་འབྲས་བུར་བཤད་པ་དང་། རྒྱུ་མཐུན་དུ་༼༧༽བཤད་པ་གཉིས་ཡོད།

རི་དང་ཁང་པ་ལ་སོགས་པ་འདི་ཀུན་རྣམ་རྟོག་གི་སྣང་བ་གཅིག་ཡིན་ནམ་ཕྱི་རོལ་ན་ཡོད་པ་གཅིག་ཡིན་ཟེར་ན།

{{6nbsp}}རྣམ་རྟོག་གི་སྣང་བ་གཅིག་ཡིན་ཕྱི་རོལ་ན་མེད། རྨི་ལམ་ན་མེད་ཀྱང་རི་ཁང་པར་སྣང་བ་དང་འདྲ། འོ་ཅག་གི་སྣང་བ་འདི་ས་ཐོབ་པ་ལ་སྣང་ངམ་མི་སྣང་ཟེར་ན། འུ་ཅག་གི་སྣང་བ་འདི་རྨི་ལམ་བཞིན་དུ་སྣང་བས་གཞན་དོན་དུ་ཐུགས་རྗེ་མི་འགྱུར། བདེན་པར་འཛིན་པའི་རྩ་བ་རྟོག་པ་འོད་གསལ་དུ་ངོ་ཤེས་པས་རང་དོན་དུ་རྟོགས་པ་མི་འགྱུར། ལོངས་སྐུའི་སངས་རྒྱས་དང་ས་ཐོབ་པ་ཐམས་ཅད་འདི་ཀ་རང་ན་བཞུགས་པ་ཡིན། རང་གི་སེམས་ནམ་མཁའ་དག་པ་ན་བདེ་བ་ཅན་འདིར་འོང་བ་ཡིན། ཞལ་མི་མཐོང་བ་ཅིས་ལན་ཟེར་ན་སྙིགས་མ་ལྔའི་རྟོག་པས་སྒྲིབ་པར་གསུངས།

{{6nbsp}}ལས་ཀྱི་སྒྲིབ་པ་ཅི་ལ་ཟེར་ན་མཚམས་མེད་ལྔའམ། ཆོས་སྤངས་པ་ལ་ཟེར། སྨིན་གྱི་སྒྲིབ་པ་ཅི་ལ་ཟེར་ན་བདག་ཏུ་འཛིན་པ་ལས་བྱུང་བ་ཐར་པ་ལ་གེགས་བྱེད་པ་ལ་བྱ་ཟེར། ཤེས་བྱའི་སྒྲིབ་པ་ཅི་ལ་བྱ་ཟེར་ན་ཆོས་སྐུ་སྟོང་པ་ལས་བྱུང་པ་སངས་རྒྱས་ཐོབ་པའི་གེགས་བྱེད་པ་ལ་ཟེར།

{{6nbsp}}འདོད་པ་ལ་བློ་ལོག་པ་དང་འཁོར་བ་ལ་སྐྱོ་བ་སྐྱེས་པ་གཉིས་གང་བཟང་ཟེར་ན་འདོད་པ་ལས་བློ་ལོག་པ་མུ་སྟེགས་ལ་ཡང་༼༨༽ཡོད། འཁོར་བ་ལས་སྐྱོ་བ་སྐྱེས་པ་ལམ་སྣ་དང་པོ་ཡིན། འཁོར་བ་བྱ་བ་རང་གི་ཕུང་པོ་ལྔ་ཡིན། དེ་སྡུག་བསྔལ་གྱི་རྩ་བར་རྟོགས་ནས་ཡིད་བྱུང་ན་སྐྱོ་བ་སྐྱེས་པ་ཡིན། དེ་ལ་བདག་ཏུ་འཛིན་པ་འཁྲུལ་པར་གོ་ཙ་ན་ཉན་ཐོས་ཀྱི་ལམ་སྣ་ཟིན་པ་ཡིན། རང་གི་ཕུང་པོ་ལ་བརྟག་སྤྱད་མ་ཤེས་པས་ཉི་ཚེ་བའི་སྒོམ་གྱིས་བསླུས་པ་མང་ངམ་སེམ།
སྐུ་གསུམ་ཐོབ་པའི་རྒྱུ་ཡིན་རང་སེམས་འོད་གསལ་དུ་བསྒོམས་པས་ཆོས་སྐུ་ཐོབ། རྣམ་རྟོག་གཞི་མེད་དུ་བསྒོམས་པས་ལོངས་སྐུ། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་བསྒོམས་པས་སྤྲུལ་སྐུ་ཐོབ། སངས་རྒྱས་ཀྱི་སྐུ་གསུམ་ཇི་ལྟར་ཐོབ་པ་ཡིན་ཟེར། རང་སེམས་འོད་གསལ་འདུ་མ་བྱས་པའི་དོན་རྣམ་རྟོག་ཟད་པ་ལ་ཆོས་སྐུ། རྣམ་རྟོག་ཟད་པ་དང་དུས་མཉམ་དུ་རང་འབྱུང་གི་ཡེ་ཤེས་གདུལ་བྱ་རྒྱུད་དག་པ་ལ་མཚན་སུམ་རྩ་གཉིས་སུ་སྣང་བ་ལོངས་སྐུ། རྒྱུད་དག་པ་ལ་སྣང་བ་སྤྲུལ་སྐུ་མཉམ་བཞག་དང་རྗེས་ཐོབ་ཏུ་བཤད་པ་འདུག་ན་འདིར་མི་བཞེད།

{{6nbsp}}སངས་རྒྱས་ཀྱི་ས་ལ་ཡེ་ཤེས་རྒྱུན་ཆད་དམ་མ་ཆད་ཟེར་ན། སངས་རྒྱས་ཀྱི་ཡེ་ཤེས་འདུས་བྱས་སུ་ཡོད་ན་རྒྱུན་མ་ཆད་པ་བདེ་སྟེ། བྱང་ཆུབ་སེམས་དཔའ་དང་ཁྱད་མེད་དུ་ཐལ་ཉེན་ཡོད། ཡེ་ཤེས་རྒྱུན་མ་ཆད་པར་འདོད་པས་ཕྱོགས་གཅིག་གོ་གསུངས། རང་བྱུང་གི་ཡེ་ཤེས་རྒྱུས་མ་བྱས་པས་རྒྱུན་མ་ཆད་བྱ་བ་རང་མེད་ནས་རྣམ་རྟོག་ཟད་པས་སྐྱེ་འགག་མེད་པར་གནས་པ་ཡིན། ཡེ་ཤེས་རྒྱུན་ཆད་པ་དང་ཁྱད་ཅི་ཡོད་༼༩༽ཟེར་ན་རྒྱུན་ཆད་འདུས་བྱས་ཟད་པས་ནམ་མཁའ་ལྟར་ཆོས་ཉིད་འབའ་ཞིག་ཏུ་འདོད་པ་ཡིན། འདིར་རྣམ་རྟོག་གི་བློས་མ་བྱས་པའི་ཡེ་ཤེས་བརྗོད་འདས་སུ་ཡོད་པ་ཡིན་པས་ཁྱད་མེད།

{{6nbsp}}ཇི་ལྟར་འགྲོ་བ་ལྔ་འཁྲུལ་པ་ཡིན་ན། རྣམ་རྟོག་གི་ངོ་བོ་རང་འབྱུང་གི་ཡེ་ཤེས་ཆོས་ཀྱི་དབྱིངས་ཡིན། གནས་ལུགས་འཁྲུལ་སྣང་མཐོང་བ་འདི་ཚེ་རང་ཡིན། སྔར་འཁྲུལ་སྣང་ལ་འཁྲུལ་སྣང་དུ་ངོ་མ་ཤེས་མ་མྱོང་པས་འཁོར་བ་རྒྱུན་མ་ཆད་པ་ཡིན། འཁྲུལ་པ་ཇི་ལྟར་བཟློག་ཟེར་ན། འཁྲུལ་པ་ལ་བདེན་པར་འཛིན་པའི་ཞེན་པ་ཟློག་ནས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་རླུང་འགོག་པས་བཟློག བདག་རང་ནང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ་འགྲོ་བ་ཉོན་མོངས་དབང་གིས་ཡིད་ན་?་་་་་ཞི་བས་སྡུག་བསྔལ་ཉིད་ལ་གནས་རྗེ་བཙུན་བྱམས་པས་གསུངས།

{{6nbsp}}དབུ་མ་རྟོགས་པས་རང་འབྱུང་གི་སངས་རྒྱས་ཡོད་པ་ལ་མི་གནོད་ཟེར་ན་འདུས་བྱས་ལ་གནོད་དེ་བློ་བུར་དྲི་མའི་མ་ཡིན། རྣམ་རྟོག་གི་ཡུལ་བདེ་ཞེན་འགོག་པ་དབུ་མ་དང་མཐུན། རང་བྱུང་གི་ཡེ་ཤེས་ཡུལ་མེད་དུ་ཡོད་བྱས་པས་ཡོད་ཁྱད་ཡོད།

{{6nbsp}}རང་བྱུང་༼༡༠༽གི་ཡེ་ཤེས་ཡོད་ན་སེམས་ཙམ་རང་རིག་དང་ཁྱད་ཅི་ཡོད་ཟེར་ན། སྣང་བ་འདི་རྣམ་པར་རྟོག་པའི་སྣང་བར་འདོད་དེ་སེམས་ཙམ་དང་མཐུན། འོད་གསལ་རྟོགས་པའི་དུས་ན་རྣམ་རྟོག་རང་བྱུང་གི་ཡེ་ཤེས་ཆོས་སྐུར་འདོད་དེས་ཁྱད་པར་ཡོད།

{{6nbsp}}སྤྱིར་བླ་མ་དོན་དམ་དང་སངས་རྒྱས་གཉིས་ངོ་བོ་གཅིག་ཡིན་གསུང་། ཀུན་རྫོབ་དང་སེམས་ཅན་གཉིས་ངོ་བོ་གཅིག་ཡིན། ཀུན་རྫོབ་ལ་གཉིས་ཡོད་པར་བཞེད་མ་དག་པའི་ཀུན་རྫོབ་་་་?་་་ཆོས་སྐུ་ལ་ཉོན་མོངས་པ་དང་ལས་ཀྱིས་བློ་བསྒྲིབས་པས་འཁོར་བར་འཁྱམས་པ་ཡིན་གསུང་། དག་པའི་ཀུན་རྫོབ་ཆོས་སྐུ་རྟོགས་པས་རྣམ་པར་རྟོག་པའི་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་རྟོགས་པས་འཕགས་པ་ཡིན་གསུང་།

{{6nbsp}}འོ་ན་འདུས་བྱས་ཀྱི་དགེ་བ་མ་བྱས་པར་སངས་རྒྱས་བཏུབ་བམ་མི་བསྟུབ་བྱས་པས་མི་བསྟུབ་གསུང་། ཇི་ལྟར་མི་བསྟུབ་ན་དཔེར་ན་ནོར་བུ་རིན་པོ་ཆེ་མ་བཅོས་པར་ཡོད་ཀྱང་སྦྱང་པ་མ་བྱས་ན་ཡོད་ཏན་མི་འབྱུང་། དེ་བཞིན་དུ་རང་སེམས་འོད་གསལ་གྱི་སངས་རྒྱས་ཡོད་ཀྱང་ཉོན་མོངས་པ་ལས་མ་གྲོལ་ན་སངས་རྒྱས་ཀྱི་བྱ་བ་མི་བྱེད། དེས་ན་སེམས་ཅན་གྱི་སྒྲིབ་པ་སྦྱང་པ་དང་ས་བཅུ་པའི་ཡེ་ཤེས་ཀྱི་རྒྱུ་ཚོགས་བསགས་པ་ཤིན་ཏུ་གལ་ཆེ་གསུང་། འདུས་བྱས་ཀྱི་དགེ་བ་སངས་རྒྱས་ཀྱི་ཡེ་ཤེས་འབྱུང་ཞིང་༼༡༡༽སྔར་པ་གཅིག་བསྐྱེད་དམ་བྱས་པས་སངས་རྒྱས་ཡེ་ཤེས་དེ་དགེ་བ་བསྐྱེད་པ་མིན། བསྐྱེད་ན་སྐྱོན་ཅི་ཡོད་ན་འདུས་བྱས་ཡིན་པས། རྒྱུ་ཟད་ནས་རྒྱུན་ཆད་ནས་སེམས་ཅན་གྱི་དོན་མི་འོང་གསུང་། འོ་ན་ཚོགས་བསགས་པས་ཅི་བྱེད་བྱས་པས་ད་ལྟའི་འཁྲུལ་པའི་དྲི་མ་རགས་པ་སེལ་བས་ས་བཅུའི་ཡེ་ཤེས་བརྒྱུད་ལ་སྐྱེ་དགོས། དེ་ལ་ཚོགས་བསགས་དགོས་གསུང་། ས་བཅུའི་ཡེ་ཤེས་དེའི་རྒྱུ་མཚན་ཉིད་པ་ཟེར་བ་ལྟར་སངས་རྒྱས་ཀྱི་ས་ན་ཡོད་པ་མ་ཡིན་ནམ་བྱས་པས་མ་ཡིན་གསུང་། རྒྱུན་བྱ་བ་འདུས་བྱས་ཀྱི་རྟོག་པ་ལ་ཟེར་བ་ཡིན་སངས་རྒྱས་ས་ན་འདུས་བྱས་ཀྱི་རྟོག་པ་ཟད་གསུང་།

{{6nbsp}}འདུས་བྱས་བདེན་པར་འཛིན་པའི་རྟོག་པ་དང་པོ་རྒྱུད་ལ་སྐྱེས་པ་ན་མེད་པ་ལ་ཡེ་ཤེས་ཡོད་པས་རྒྱུན་འོང་པ་མ་ཡིན་ནམ་བྱས་པས་ས་བཅུའི་ཡེ་ཤེས་ཀྱང་འུ་ཅག་ལ་ལྟོས་ནས་ཡེ་ཤེས་སུ་འགྲོ། སངས་རྒྱས་ལ་ལྟོས་ནས་རྣམ་རྟོག་ཕྲ་མོ་གཅིག་རང་ཡིན་གསུང་། དེ་མེན་ན་ཡིད་ལུས་ཀྱི་སྐྱེ་བ་ལ་སོགས་པ་བཞིས་མ་དག་པས་མི་བཏུབ་གསུང་།

{{6nbsp}}འོ་ན་རྣམ་རྟོག་གིས་གྲོལ་བར་ཅང་རིགས་སམ་བྱས་པས། སོ་སོ་སྐྱེ་བོའི་རྣམ་རྟོག་རང་རྒྱུད་པ་ཉན་ཐོས་ཀྱི་རྟོག་པས་གྲོལ། ཉན་ཐོས་ཀྱི་རྣམ་རྟོག་བྱང་ཆུབ་སེམས་དཔའི་རྟོག་པས་གྲོལ། བྱང་ཆུབ་སེམས་དཔའི་༼༡༢༽རྟོག་པ་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་མ་བྱས་པ་རྩོལ་བ་མེད་པ་གནས་ལུགས་ཇི་ལྟ་བ་དེར་གྲོལ་ནས་འགྲོ་བ་གསུང་།

{{6nbsp}}སོ་སོ་སྐྱེ་བོས་བྱས་པ་དང་འཕགས་པས་བྱས་པའི་བསྟན་ཆོས་ཀྱི་ཁྱད་པར་ཅིས་འབྱེད་བྱས་པས། འཕགས་པས་མཛད་པའི་ཆོས་ཡིན་ན། ལུང་དང་སུན་འབྱིན་དང་ང་རྒྱལ་གྱི་སྨོད་ཚིག་མི་འོང་། སོ་སོ་སྐྱེ་བོས་བྱས་པའི་ཆོས་ཡོལ་དེ་ཚོ་འོང་གསུང་། འཕགས་པ་ལ་ལུང་མི་འོང་པ་ཅང་རིགས་སམ་བྱས་པས་སྨུས་ལོང་ལམ་དུ་འགྲོ་བ་ལ་ལུང་དགོས་པ་ཡིན་མིག་ཅན་ལམ་དུ་འགྲོ་བ་ལ་ལུང་གི་ཅི་བྱེད་གསུང་། ཚིག་གི་རྗེས་སུ་འབྲངས་ནས་གྲུབ་མཐའ་འཇོག་པ་ལ་སུན་འབྱིན་འོང་བ་ཡིན་དོན་རྟོགས་པ་ལ་སུན་དབྱུང་རྒྱུ་མེད། སུན་འབྱིན་དོད་པོར་སྙིང་རྗེར་གཞུང་དུ་བྱས་པ་མང་བ་ཡིན་གསུང་། ཡེ་ཤེས་ཀྱི་འཇོག་ས་མ་བདེ་བའི་གནད་ཅི་ཡིན་ཚིག་ཏུ་ཞུས་པ་ཟིན་བྲིས་རྫོགས་སོ།། །།

{{6nbsp}}བླ་མ་སྣར་ཐང་པ་བརྒྱད་པ་བྱོན་པ་དེས་བཙུན་པ་ཆོས་ཀྱི་རྒྱལ་མཚན་ལ་གནང་སྟེ་ཡི་གེར་བྲིས་པའོ།། ཞུས་དག་པར་བྱའོ། །དམ་པས་བསྔགས་པའི་གནས་མཆོག་སྣར་ཐང་དུ་བྲིས་ཤིང་ཞུས་སོ།། །།

Latest revision as of 01:37, 30 August 2022

ཡེ་ཤེས་ཀྱི་འཇོག་ས།
ye shes kyi 'jog sa
The Repository of Wisdom
SOURCE TEXT

Back to text page ·   Switch to: Tibetan

༄༅། །ཡེ་ཤེས་ཀྱི་གཞག་ས་བཞུགས་སོ།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྗེ་བཙུན་བྱམས་པའི་གཞུང་ལ་འཆི་ཆོས་བྱེད་པའི་ཡིད་ཆེས་ཀྱི་ས་ཡིན། ཆོས་ཅི་རུང་རུང་ལ་ཡིད་ཆེས་མི་བྱ་སླུ་ཉེན་ཡོད། ངེས་དོན་གྱི་གདམས་ངག་ཐེག་པ་ཆེན་པོ་རྒྱུད་བླ་མ་ཡིན། འདིར་རྡོ་རྗེའི་གནས་བདུན་དུ་འདུས། སངས་རྒྱས་བྱ་བ་རང་གི་སེམས་འོད་གསལ་གྱི་དོན་རྟོགས་པས་རྣམ་རྟོག་ཟད་པའི་རང་བྱུང་གི་ཡེ་ཤེས་ལ་ཟེར། ཆོས་བྱ་བ་གཉིས་ཡིན། དོན་དམ་པའི་ཆོས་འགོག་པའི་བདེན་པ་དེ་རྟོགས་པའི་ཡེ་ཤེས་ལམ་གྱི་བདེན་པ་ཡིན། འགོག་པ་དང་རང་སེམས་འོད་གསལ་བསམ་མེད་དེ་རྟོག་པ་དང་ཉོན་མོངས་པ་དང་བྲལ་བ་ལ་ཟེར། ལམ་ལ་ཆོས་གསུམ་ཚང་དགོས། རང་སེམས་འོད་གསལ་རྟོགས་པས་སྔར་བསགས་ཀྱི་ཉོན་མོངས་པ་དག ཤེས་བྱའི་རང་བཞིན་འོད་གསལ་དུ་གསལ་བར་རྟོགས། ཕྱིས་སྒྲོ་འདོགས་ཀྱི་བློ་གཞུག་པའི་གཉེན་པོར་སོང་བ་ལ་ཟེར། དགེ་འདུན་རང་གི་སེམས་འོད་གསལ་དུ་རྟོགས་པའི་ཤེས་རབ། གཞན་གྱི་སེམས་འོད་གསལ་དུ་རྟོགས་པའི་སྙིང་རྗེ་དུས་གཅིག་ཏུ་སྐྱེས་པ་ལ་ཟེར། དེ་གསུམ་རང་གི་སེམས་ཉིད་ཀྱི་ཆོས་ཉིད་མ་རྟོགས་བར་དུ་སྐྱབས་གནས་སུ་བཞེད། དེ་ཀ་ལ་ཀུན་རྫོབ་རེ་ཤིག་པའི་སྐྱབས་འགྲོ་༼༡ བ༽ཟེར། རྒྱུད་ལ་སྐྱེས་པའི་དུས་སུ་དཀོན་མཆོག་གསུམ་ལ་བྱིན་རླབས་ཡོད་པར་ངེས་ཤེས་སྐྱེས་པ་ལ་ཟེར། ལམ་ལ་ཆོས་གསུམ་ཚང་དགོས། རང་སེམས་འོད་གསལ་རྟོགས་པས་སྔར་བསགས་ཀྱི་ཉོན་མོངས་པ་དག ཤེས་བྱའི་རང་བཞིན་འོད་གསལ་དུ་གསལ་བར་རྟོགས། ཕྱིས་སྒྲོ་འདོགས་ཀྱི་བློ་གཞུག་པའི་གཉེན་པོར་སོང་བ་ལ་ཟེར། དགེ་འདུན་རང་གི་སེམས་འོད་གསལ་དུ་རྟོགས་པའི་ཤེས་རབ། གཞན་གྱི་སེམས་འོད་གསལ་དུ་རྟོགས་པའི་སྙིང་རྗེ་དུས་གཅིག་ཏུ་སྐྱེས་པ་ལ་ཟེར། དེ་གསུམ་རང་གི་སེམས་ཉིད་ཀྱི་ཆོས་ཉིད་མ་རྟོགས་བར་དུ་སྐྱབས་གནས་སུ་བཞེད། དེ་ཀ་ལ་ཀུན་རྫོབ་རེ་ཤིག་པའི་སྐྱབས་འགྲོ་༼༡ བ༽ཟེར། རྒྱུད་ལ་སྐྱེས་པའི་དུས་སུ་དཀོན་མཆོག་གསུམ་ལ་བྱིན་རླབས་ཡོད་པར་ངེས་ཤེས་སྐྱེས་པ་ལ་ (རང་སེམས་ཆོས་སྐུ་རྟོགས་པ་དངོས་སུ་མ་སྐྱེས་མོས་པའི་སྒོ་ནས་སྐྱབས་གནས་སུ་འདོད། ཀུན་རྫོབ་རེ་ཤིག་གི་སྐྱབས་གནས་) ཟེར། དོན་དམ་པ་གཏན་གྱི་སྐྱབས་གནས་རང་སེམས་ཆོས་སྐུ་རྟོགས་པ་ལ་ཟེར། རྣམ་རྟོག་མ་ཟད་ན་སྡུག་བསྔལ་ལས་བསྐྱབ་པར་མི་ནུས། རང་གི་རྣམ་རྟོག་འཛད་པ་ལ་ཆོས་སྐུ་བསྒོམ་དགོས། རང་གི་སེམས་ཀྱི་རང་བཞིན་འདི་སངས་རྒྱས་མིན་ན་བསྒྲུབ་ཏུ་མི་བཏུབ། སེམས་ཀྱི་ངོ་བོ་སངས་རྒྱས་ཡིན་པ་ལ་ཁམས་ཟེར། དེ་མ་རྟོགས་པའི་རྣམ་རྟོག་གི་རྒྱུན་ལ་སེམས་ཅན་ཟེར། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་བྱ་བ་རྣམ་རྟོག་གིས་རང་སེམས་བསྒྲིབས་པ་ལ་ཟེར། རང་སེམས་འོད་གསལ་བྱ་བ་རྣམ་རྟོག་གི་ཡུལ་དུ་མ་གྱུར་པས་གཉེན་པོས་མ་བཅོས་པར་དག་པ་ལ་ཟེར། དེ་མི་རྟོགས་པའི་རྒྱུ་ཅི་ཡིན་ཟེར་ན་ཐེག་པ་ཆེན་པོའི་ཆོས་ལ་ཡིད་ཆེས་མ་སྐྱེས་པས་སྒྲིབས། ཐེག་པ་ཆེན་པོ་བྱ་བ་རང་སེམས་འོད་གསལ་རྟོགས་པའི་ཤེས་རབ་དང་སྙིང་རྗེ་དུས་མཉམ་དུ་སྐྱེས་པ་ལ་ཟེར། ཆོས་སྐུ་རང་བཞིན་གྱིས་དག་ཀྱང་བློ་བུར་གྱི་དྲི་མ་དང་བྲལ་བའི་ས་བོན་ཐེག་པ་ཆེན་པོའི་ཆོས་ལ་མོས་པར་གསུངས། གྲུབ་མཐས་བློ་མ་བསྒྱུར་ཞིང་འཁོར་བ་ལ་ཞེན་པའི་མི་ལ་སངས་རྒྱ་བའི་ས་བོན་མེད་༼༢ ན༽པས་མ་རྟོགས་པ་ཡིན། ཐེག་པ་ཆེན་པོའི་རིགས་ཀྱི་སེམས་ཅན་ལ་ཁྱབ་པར་གསུངས་པ་ཟེར་ན། རང་བཞིན་དུ་གནས་པའི་རིགས་སེམས་ཅན་ཐམས་ཅད་ཀྱི་ངོ་བོ་འདུས་མ་བྱས་པའི་ཆོས་སྐུས་མ་ཁྱབ་པ་གཅིག་ཀྱང་མེད། དེའི་ངོས་ནས་རིགས་མ་ཆད་པ་དེ། ཡང་དག་པར་བླངས་པའི་རིགས་འོད་གསལ་རྟོགས་པའི་ས་བོན་འཁོར་བ་ལ་སྐྱོ་བ་སྐྱེས་པའི་ནུས་པ་ལ་ཟེར། རྐྱེན་ཐེག་པ་ཆེན་པོའི་ཆོས་ཐོས་པས་འཁོར་བ་ལ་སྐྱོ་བ་མ་སྐྱེས་པ་རིགས་ཆད་ཡིན། ཆོས་ཀྱི་སྐུ་བྱ་བ་སེམས་རང་བཞིན་གྱིས་དག་པ་རྟོགས་པས་རྣམ་རྟོག་གི་དྲི་མ་བག་ཆགས་དང་བཅས་པ་དག་པ་ལ་ཟེར། སངས་རྒྱས་ཀྱི་ཡེ་ཤེས་བྱ་བ་སྒྲས་བརྗོད་པ་དང་རྣམ་རྟོག་གི་དྲི་མས་བསམ་དུ་མེད་པའི་དོན་རྟོགས་པ་ལ་ཟེར། སེམས་ཅན་གྱི་འཁྲུལ་སྣང་འདི་སངས་རྒྱས་ཀྱིས་མཁྱེན་ནམ་མི་མཁྱེན་ཟེར་ན། མཁྱེན་ཏེ་སེམས་ཅན་རང་བཞིན་གྱིས་འོད་གསལ་བ་དེ་སངས་རྒྱས་རང་དང་ཁྱད་མེད་དུ་དག་པར་མཁྱེན། དེ་ལ་མཁྱེན་པའི་ཡེ་ཤེས་ཀྱི་གཞན་དོན་ཟེར་བ་ཡིན། སེམས་ཅན་གྱི་རྣམ་པར་རྟོག་པ་བློ་བུར་བ་གདོད་མ་ནས་ཟད་པར་མཁྱེན་པ་དེ་ལ་བརྩེ་བའི་ཐུགས་རྗེའི་གཞན་དོན་ཟེར་བ་ཡིན། རྣམ་རྟོག་ཟད་པར་མཁྱེན་ན་སེམས་ཅན་ད་ལྟ་ཅིས་བཅིངས་ནས་འཁོར་ཟེར་ན། ༼༢ བ༽རྣམ་རྟོག་གི་སྣང་བ་ལ་ཉོན་མོངས་པའི་ཞེན་པས་བཅིངས། སོ་སོའི་སྐྱེ་བོ་དང་ས་ཐོབ་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་ཁྱད་ཅི་ཡིན་ཟེར་ན། སོ་སོ་སྐྱེ་བོས་རང་གི་སེམས་འོད་གསལ་གཏན་མ་རྟོགས་པའི་རྣམ་རྟོག་གི་སྣང་བ་བརྟས་པ་ལ་ཡང་དག་ཏུ་བཟུང་བ་ཡིན། བྱང་ཆུབ་སེམས་དཔའ་རང་གི་སེམས་འོད་གསལ་རྟོགས་པས་འཁོར་བའི་སྣང་བ་ཐམས་ཅད་རྣམ་རྟོག་ཙམ་དུ་རྟོགས་པ་ཡིན། ས་ཐོབ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ལུས་སུ་ཡོད་པ་ཡིན། འཁོར་ལོ་སྒྱུར་བ་ལ་སོགས་པའི་ལུས་ཡོད་པར་གསུངས་པ་ཟེར་ན། སྨོན་ལམ་གྱི་དབང་གིས་སྐྱེ་བ་ཡིན་ན་ཤ་ཁྲག་གི་ལུས་མེད་གསུངས་ཏེ། དང་པོ་ལམ་སྐྱེས་པའི་རྟེན་དེ་ཤ་ཁྲག་གི་ལུས་རང་དུ་འབོར་དགོས་སྙམ་ན། ས་དང་པོའི་བདེན་པ་གཟིགས་པ་ལ་སྐུ་ལུས་བོར་བ་མངོན་པའི་གཞུང་ན་འདུག ས་བཅུའི་ཡེ་ཤེས་ཀྱི་རྟོགས་པ་ལ་ཁྱད་ཅི་ཡོད་ཟེར་ན་རང་སེམས་འོད་གསལ་རྟོགས་པའི་འབད་རྩོལ་གྱིས་བསྒོམས་པས། རྣམ་རྟོག་གི་དྲི་མ་རེ་རེ་ནས་ཟད་པའི་ཁྱད་ཡོད། དཔེ་ནོར་བུ་སྦྱོང་པའི་ཆོས་བཅུས་གསུངས་སོ། །མྱ་ངན་འདས་པ་བྱ་བ་ཅི་ལ་ཟེར་ན་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པ་ལ་བྱ། ཉན་ཐོས་དང་རང་སངས་རྒྱས་ཡིད་ལུས་༼༣ ན༽སུ་བཤད་པ་ཟེར་ན། བསམ་གྱིས་མི་ཁྱབ་པའི་དབྱིངས་ན་ཟག་པ་མེད་པའི་ལས་ཀྱིས་རྒྱུ་བྱས། མ་རིག་པའི་བག་ཆགས་ཀྱིས་རྐྱེན་བྱས། ཡིད་ལུས་ཀྱི་ཕུང་པོ་སྐྱེས། བསམ་གྱིས་མི་ཁྱབ་པའི་འཆི་བ་ཡོད་པ་ཡིན། དེ་སངས་རྒྱས་ཀྱི་ཐུགས་རྗེས་བསྐུལ་ནས་སྤྲུལ་པའི་ལུས་ཀྱིས་ཚོགས་གསོག་ཏུ་བཅུག་ནས་གདོད་སངས་རྒྱ་བ་ཡིན། མཐར་ཐེག་པ་གཅིག་ཏུ་འགྲོ་བ་ཡིན། རྟོགས་ལུས་ལ་ཐེག་པ་གསུམ་དང་རིགས་ཅན་དེ། འབྲས་བུའི་ས་གསུམ་ན་རྣམ་སྨིན་གྱི་ཡེ་ཤེས་ཡོད་པར་གསུངས་ན་སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་ཅི་ཡོད་ཟེར་ན། ཡེ་ཤེས་ཀྱི་ངོ་བོ་ལ་འབད་རྩོལ་མི་དགོས་པར་མཉམ། ཕན་པའི་ཡོན་ཏན་གསུམ་ས་གསུམ་གྱི་བཤད་པའི་དགོངས་པ་དེ་ཡིན། རྒྱལ་བུ་ནར་སོང་བ་དབང་མ་བསྐུར་བའི་དཔེས་བཤད། སངས་རྒྱས་ཀྱི་རྣམ་རྟོག་གི་བག་ཆགས་ཟད་པས། ཡེ་ཤེས་རྫོགས་པས་ཁྱད་ཡོད་གསུང་། ལམ་རྒྱུད་ལ་སྐྱེས་པའི་ངེས་ཤེས་ཅི་ལ་བྱེད་ཟེར། སེམས་འོད་གསལ་རྟོགས་པས་རྣམ་རྟོག་དང་ཉོན་མོངས་པ་ཆུང་ངུ་སོང་། སེམས་ཅན་ལ་སྙིང་རྗེ་སྐྱེ་ན་ཆོས་ལམ་དུ་སོང་བ་ཡིན། འོད་གསལ་ཅི་ལ་བརྟེན་ནས་ངོ་ཤེས་པར་བྱེད་ཅེ་ན། རང་གི་སེམས་ཀྱི་རང་བཞིན་སྐྱེ་འགག་མེད་པའམ་བརྗོད་པ་བཀག་པས་ཤེས་པར་བྱེད། སྤྱིར་རྗེ་བཙུན་བྱམས་པ་༼༣ བ༽བསྒོམ་བྱེད་ཙ་ན་རྟོག་པ་འཇིག་ལུགས་གཉིས་ཡོད། རང་བཞིན་གྱི་མཚན་མ་བྱ་བ་ཇི་ལྟར་སྣང་བ་འདི་ཡི་ངོ་བོ་ཇི་ལྟར་ཡིན་སྙམ་དུ་དཔྱད་ནས་རྟོག་པ་འཇིག་པའམ་རྣམ་རྟོག་གི་བློ་ལ་སྣང་བའི་གཟུགས་བརྙན་བསྒོམས་པ་ལ་ལྟོས་ནས་འཇིག་པ་གཅིག་ཡོད་དེ་གཉིས་བསྲེས་ནས་མི་འོང་། ཉེས་པ་བློ་བུར་བ་བྱ་བ་ཅི་ལ་ཟེར་ན་རྣམ་པར་རྟོག་པའི་འཁྲུལ་སྣང་ལ་ཟེར་ན། དེ་གཞི་ཡོད་འཁྲུལ་ཡིན་ནམ་མེད་འཁྲུལ་ཡིན་ཟེར་ན། ཆོས་ཉིད་ཀྱི་གཞི་ཡོད་འཁྲུལ་ཡིན་ཀྱང་རྟོག་པའི་ངོ་བོ་ཡོད་འཁྲུལ་དང་མེད་འཁྲུལ་གཉིས་ཀ་མིན། རང་བྱུང་གི་ཡེ་ཤེས་བསམ་བརྗོད་དང་བྲལ་བ་ལ་རྣམ་རྟོག་གི་ཡུལ་དུ་བྱས་པས་འཁྲུལ། ལོངས་སྐུ་དང་སྤྲུལ་གཉིས་ཁྱད་ཅི་ཡོད་ཟེར་ན་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ལྟར་གདུལ་བྱ་ལ་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་གཟུགས་བརྙན་སྣང་བ་ཡིན། དེ་རང་གི་སེམས་ཀྱི་སྣང་བར་ངོ་ཤེས་པས་ས་ཐོབ་ནས་ལོངས་སྐུར་འགྲོ། རང་གི་སེམས་ལོགས་ན་རང་རྒྱུད་ཀྱི་སངས་རྒྱས་སུ་འཛིན་ནས་སྤྲུལ་སྐུར་འགྲོ། ངོ་བོ་ལ་ཁྱད་མེད་པ་ཡིན། སྤྱིར་གཟུགས་སྐུ་རྣམ་གཉིས་རྣམ་སྨིན་གྱི་འབྲས་བུར་བཤད་པ་དང་། རྒྱུ་མཐུན་དུ་༼༤ཀ ན༽བཤད་པ་གཉིས་ཡོད། རི་དང་ཁང་པ་ལ་སོགས་པ་འདི་ཀུན་རྣམ་རྟོག་གི་སྣང་བ་གཅིག་ཡིན་ཕྱི་རོལ་ན་ཡོད་པ་གཅིག་ཡིན་ཟེར་ན། རྣམ་རྟོག་གི་སྣང་བ་གཅིག་ཡིན་ཕྱི་རོལ་ན་མེད། རྨི་ལམ་ན་མེད་ཀྱང་རི་ཁང་པར་སྣང་བ་དང་འདྲ། འོ་ཅག་གི་སྣང་བ་འདི་ས་ཐོབ་པ་ལ་སྣང་ངམ་མི་སྣང་ཟེར་ན། འུ་ཅག་གི་སྣང་བ་འདི་རྨི་ལམ་བཞིན་དུ་སྣང་བས་གཞན་དོན་དུ་ཐུགས་རྗེ་མི་འགྱུར། བདེན་པར་འཛིན་པའི་རྩ་བ་རྟོག་པ་འོད་གསལ་དུ་ངོ་ཤེས་པས་རང་དོན་དུ་རྟོགས་པ་མི་འགྱུར། ལོངས་སྐུའི་སངས་རྒྱས་དང་ས་ཐོབ་པ་ཐམས་ཅད་འདི་ཀ་རང་ན་བཞུགས་པ་ཡིན། རང་གི་སེམས་ནམ་མཁའ་དག་པ་ན་བདེ་བ་ཅན་འདིར་འོང་པ་ཡིན། ཞལ་མི་མཐོང་པ་ཅིས་ལན་ཟེར་ན་སྙིགས་མ་ལྔའི་རྟོག་པས་སྒྲིབ་པར་གསུངས། ལས་ཀྱི་སྒྲིབ་པ་ཅི་ལ་ཟེར་ན་མཚམས་མེད་ལྔའམ། ཆོས་སྤངས་པ་ལ་ཟེར། སྨིན་གྱི་སྒྲིབ་པ་ཅི་ལ་ཟེར་ན་བདག་ཏུ་འཛིན་པ་ལས་བྱུང་བ་ཐར་པ་ལ་གེགས་བྱེད་པ་ལ་བྱ་ཟེར། ཤེས་བྱའི་སྒྲིབ་པ་ཅི་ལ་བྱ་ཟེར་ན་ཆོས་སྐུ་སྟོང་པ་ལས་བྱུང་བ་སངས་རྒྱས་ཐོབ་པའི་གེགས་བྱེད་པ་ལ་ཟེར། འདོད་པ་ལ་བློ་ལོག་པ་དང་འཁོར་བ་ལ་སྐྱོ་བ་སྐྱེས་པ་གཉིས་གང་བཟང་ཟེར་ན་འདོད་པ་ལས་བློ་ལོག་པ་མུ་སྟེགས་པ་ཡང་༼༤ཀ བ༽ཡོད། འཁོར་བ་ལས་སྐྱོ་བ་སྐྱེས་པ་ལམ་སྣ་དང་པོ་ཡིན། འཁོར་བ་བྱ་བ་རང་གི་ཕུང་པོ་ལྔ་ཡིན། དེ་སྡུག་བསྔལ་གྱི་རྩ་བར་རྟོགས་ནས་ཡིད་བྱུང་ན་སྐྱོ་བ་སྐྱེས་པ་ཡིན། དེ་ལ་བདག་ཏུ་འཛིན་པ་འཁྲུལ་པར་གོ་ཙ་ན་ཉན་ཐོས་ཀྱི་ལམ་སྣ་ཟིན་པ་ཡིན། རང་གི་ཕུང་པོ་ལ་བརྟག་དཔྱད་མ་ཤེས་པས་ཉི་ཚེ་བའི་སྒོམ་གྱིས་བསླུས་པ་མང་ངམ་སེམས། (སྐུ་གསུམ་འཐོབ་པའི་རྒྱུ་ཡིན། ཪང་སེམས་འོད་གསལ་དུ་བསྒོམས་པས་ཆོས་སྐུ་འཐོབ། རྣམ་རྟོག་གཞི་མེད་དུ་བསྒོམས་པས་ལོངས་སྐུ། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་བསྒོམས་ལས་སྤྲུལ་སྐུ་འཐོབ།) སངས་རྒྱས་ཀྱི་སྐུ་གསུམ་ཇི་ལྟར་ཐོབ་པ་ཡིན་ཟེར། རང་སེམས་འོད་གསལ་འདུས་མ་བྱས་པའི་དོན་རྣམ་རྟོག་ཟད་པ་ལ་ཆོས་སྐུ། རྣམ་རྟོག་ཟད་པ་དང་དུས་མཉམ་དུ་རང་འབྱུང་གི་ཡེ་ཤེས་གདུལ་བྱ་རྒྱུད་དག་པ་ལ་མཚན་སུམ་ཅུ་རྩ་གཉིས་སུ་སྣང་བ་ལོངས་སྐུ། རྒྱུད་དག་པ་ལ་སྣང་བ་སྤྲུལ་སྐུ། མཉམ་བཞག་དང་རྗེས་ཐོབ་ཏུ་བཤད་པ་འདུག་ན་འདིར་མི་བཞེད། སངས་རྒྱས་ཀྱི་ས་ལ་ཡེ་ཤེས་རྒྱུན་ཆད་དམ་མ་ཆད་ཟེར་ན། སངས་རྒྱས་ཀྱི་ཡེ་ཤེས་འདུས་བྱས་སུ་ཡོད་ན་རྒྱུན་མ་ཆད་པ་བདེ་སྟེ། བྱང་ཆུབ་སེམས་དཔའ་དང་ཁྱད་མེད་དུ་ཐལ་ཉེན་ཡོད། ཡེ་ཤེས་རྒྱུན་མ་ཆད་པར་འདོད་པས་ཕྱོགས་གཅིག་གོ་གསུང་། རང་བྱུང་གི་ཡེ་ཤེས་རྒྱུས་མ་བྱས་པས་རྒྱུན་མ་ཆད་བྱ་བ་རང་མེད་ནས་རྣམ་རྟོག་ཟད་པས་སྐྱེ་འགག་མེད་པར་གནས་པ་ཡིན། ཡེ་ཤེས་རྒྱུན་ཆད་པ་དང་ཁྱད་ཅི་ཡོད་༼༤ཁ ན༽ཟེར་ན་རྒྱུན་ཆད་འདུས་བྱས་ཟད་པས་ནམ་མཁའ་ལྟར་ཆོས་ཉིད་འབའ་ཞིག་ཏུ་འདོད་པ་ཡིན། འདིར་རྣམ་རྟོག་གི་བློས་མ་བྱས་པའི་ཡེ་ཤེས་བརྗོད་འདས་སུ་ཡོད་པ་ཡིན་པས་ཁྱད་མེད། ཇི་ལྟར་འགྲོ་བ་ལྔ་འཁྲུལ་པ་ཡིན་ན། རྣམ་རྟོག་གི་ངོ་བོ་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་དབྱིངས་ཡིན། གནས་ལུགས་འཁྲུལ་སྣང་མཐོང་པ་འདི་ཚེ་རང་ཡིན། སྔར་འཁྲུལ་སྣང་ལ་འཁྲུལ་སྣང་དུ་ངོ་མ་ཤེས་མ་མྱོང་པས་འཁོར་བ་རྒྱུན་མ་ཆད་པ་ཡིན། འཁྲུལ་པ་ཇི་ལྟར་བཟློག་ཟེར་ན། འཁྲུལ་པ་ལ་བདེན་པར་འཛིན་པའི་ཞེན་པ་བཟློག་ནས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་རླུང་འགོག་པས་བཟློག དེ་བཞིང་བདག་རང་ནང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ། །འགྲོ་བ་ཉོན་མོངས་དབང་གིས་ཡིད་མ་ཞི་བས་སྡུག་བསྔལ་ཉིད་ལ་གནས། །རྗེ་བཙུན་བྱམས་པས་གསུངས། དབུ་མ་རྟོགས་པས་རང་བྱུང་གི་སངས་རྒྱས་ཡོད་པ་ལ་མི་གནོད་ཟེར་ན་འདུས་བྱས་ལ་གནོད་དེ་བློ་བུར་དྲི་མའི་མ་ཡིན། རྣམ་རྟོག་གི་ཡུལ་བདེན་ཞེན་འགོག་པ་དབུ་མ་དང་མཐུན། རང་བྱུང་གི་ཡེ་ཤེས་ཡུལ་མེད་དུ་ཡོད་བྱས་པས་ཡོད་ཁྱད་ཡོད། རང་བྱུང་༼༤ཁ བ༽གི་ཡེ་ཤེས་ཡོད་ན་སེམས་ཙམ་རང་རིག་དང་ཁྱད་པར་ཅི་ཡོད་ཟེར་ན། སྣང་བ་འདི་རྣམ་པར་རྟོག་པའི་སྣང་བར་འདོད་དེ་སེམས་ཙམ་དང་མཐུན། འོད་གསལ་རྟོགས་པའི་དུས་ན་རྣམ་རྟོག་རང་བྱུང་གི་ཡེ་ཤེས་ཆོས་སྐུར་འདོད་དེས་ཁྱད་པར་ཡོད། སྤྱིར་བླ་མ་དོན་དམ་དང་སངས་རྒྱས་གཉིས་ངོ་བོ་གཅིག་ཡིན་གསུང་། ཀུན་རྫོབ་དང་སེམས་ཅན་གཉིས་ངོ་བོ་གཅིག་ཡིན། ཀུན་རྫོབ་ལ་གཉིས་ཡོད་པར་བཞེད་མ་དག་པའི་ཀུན་རྫོབ། ཆོས་སྐུ་ལ་ཉོན་མོངས་པ་དང་ལས་ཀྱིས་བློ་བསྒྲིབས་པས་འཁོར་བར་འཁྱམས་པ་ཡིན་གསུང་། དག་པའི་ཀུན་རྫོབ་ཆོས་སྐུ་རྟོགས་པས་རྣམ་པར་རྟོག་པའི་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་རྟོགས་པས་འཕགས་པ་ཡིན་གསུང་། འོ་ན་འདུས་བྱས་ཀྱི་དགེ་བ་མ་བྱས་པར་སངས་རྒྱས་བཏུབ་བམ་མི་བཏུབ་བྱས་པས་མི་བཏུབ་གསུང་། ཇི་ལྟར་མི་བཏུབ་ན་དཔེར་ན་ནོར་བུ་རིན་པོ་ཆེ་མ་བཅོས་པར་ཡོད་ཀྱང་སྦྱང་པ་མ་བྱས་ན་ཡོན་ཏན་མི་འབྱུང་། དེ་བཞིན་དུ་རང་སེམས་འོད་གསལ་གྱི་སངས་རྒྱས་ཡོད་ཀྱང་ཉོན་མོངས་པ་ལས་མ་གྲོལ་ན་སངས་རྒྱས་ཀྱི་བྱ་བ་མི་བྱེད། དེས་ན་སེམས་ཅན་གྱི་སྒྲིབ་པ་སྦྱང་པ་དང་ས་བཅུ་པའི་ཡེ་ཤེས་ཀྱི་རྒྱུ་ཚོགས་བསགས་པ་ཤིན་ཏུ་གལ་ཆེ་གསུང་། འདུས་བྱས་ཀྱི་དགེ་བ་ལས་སངས་རྒྱས་ཀྱི་ཡེ་ཤེས་འབྱུང་ཞིང་༼༥ ན༽སྔར་པ་གཅིག་བསྐྱེད་དམ་བྱས་པས་སངས་རྒྱས་ཡེ་ཤེས་དེ་དགེ་བས་བསྐྱེད་པ་མིན། བསྐྱེད་ན་སྐྱོན་ཅི་ཡོད་ན་འདུས་བྱས་ཡིན་པས། རྒྱུ་ཟད་ནས་རྒྱུན་ཆད་ནས་སེམས་ཅན་གྱི་དོན་མི་འོང་གསུང་། འོ་ན་ཚོགས་བསགས་པས་ཅི་བྱེད་བྱས་པས་ད་ལྟའི་འཁྲུལ་པའི་དྲི་མ་རགས་པ་སེལ་བས་ས་བཅུའི་ཡེ་ཤེས་རྒྱུད་ལ་སྐྱེ་དགོས། དེ་ལ་ཚོགས་བསགས་དགོས་གསུང་། ས་བཅུའི་ཡེ་ཤེས་དེའི་རྒྱུ་མཚན་ཉིད་པ་ཟེར་བ་ལྟར་སངས་རྒྱས་ཀྱི་ས་ན་ཡོད་པ་མ་ཡིན་བྱས་པས་མ་ཡིན་གསུང་། རྒྱུན་བྱ་བ་འདུས་བྱས་ཀྱི་རྟོག་པ་ལ་ཟེར་བ་ཡིན་སངས་རྒྱས་ས་ན་འདུས་བྱས་ཀྱི་རྟོག་པ་ཟད་གསུང་། འདུས་བྱས་བདེན་པར་འཛིན་པའི་རྟོག་པ་དང་པོ་རྒྱུད་ལ་སྐྱེས་པ་ན་མེད་པ་ལ་ཡེ་ཤེས་ཡོད་པས་རྒྱུན་འོང་པ་མ་ཡིན་ནམ་བྱས་པས་ས་བཅུའི་ཡེ་ཤེས་ཀྱང་འུ་ཅག་ལ་ལྟོས་ནས་ཡེ་ཤེས་སུ་འགྲོ། སངས་རྒྱས་ལ་ལྟོས་ནས་རྣམ་རྟོག་ཕྲ་མོ་གཅིག་རང་ཡིན་གསུང་། དེ་མེན་ན་ཡིད་ལུས་ཀྱི་སྐྱེ་བ་ལ་སོགས་པ་བཞིས་མ་དག་པས་མི་བཏུབ་གསུང་། འོ་ན་རྣམ་རྟོག་གིས་གྲོལ་བར་ཅང་རིགས་སམ་བྱས་པས། སོ་སོ་སྐྱེ་བོའི་རྣམ་རྟོག་རང་རྒྱུད་པ་ཉན་ཐོས་ཀྱི་རྟོག་པས་གྲོལ། ཉན་ཐོས་ཀྱི་རྣམ་རྟོག་བྱང་ཆུབ་སེམས་དཔའི་རྟོག་པས་གྲོལ། བྱང་ཆུབ་སེམས་དཔའི་༼༥ བ༽རྟོག་པ་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་མ་བྱས་པ་རྩོལ་བ་མེད་པ་གནས་ལུགས་ཇི་ལྟ་བ་དེར་གྲོལ་ནས་འགྲོ་བ་གསུངས། སོ་སོ་སྐྱེ་བོས་བྱས་པ་དང་འཕགས་པས་བྱས་པའི་བསྟན་བཅོས་ཀྱི་ཁྱད་པར་ཅིས་འབྱེད་བྱས་པས། འཕགས་པས་མཛད་པའི་ཆོས་ཡིན་ན། ལུང་དང་སུན་འབྱིན་དང་ང་རྒྱལ་གྱི་སྨོད་ཚིག་མི་འོང་། སོ་སོ་སྐྱེ་བོས་བྱས་པའི་ཆོས་ལ་དེ་ཚོ་འོང་གསུངས། འཕགས་པ་ལ་ལུང་མི་འོང་པ་ཅང་རིགས་སམ་བྱས་པས་མུས་ལོང་ལམ་དུ་འགྲོ་བ་ལ་ལུང་དགོས་པ་ཡིན། མིག་ཅན་ལམ་དུ་འགྲོ་བ་ལ་ལུང་གིས་ཅི་བྱེད་གསུང་། ཚིག་གི་རྗེས་སུ་འབྲངས་ནས་གྲུབ་མཐའ་འཇོག་པ་ལ་སུན་འབྱིན་འོང་པ་ཡིན། དོན་རྟོགས་པ་ལ་སུན་དབྱུང་རྒྱུ་མེད། སུན་འབྱིན་དོད་པོར་སྙིང་རྗེར་གཞུང་དུ་བྱས་པ་མང་བ་ཡིན་གསུངས། ཡེ་ཤེས་ཀྱི་འཇོག་ས་ལ་བདེ་བའི་གནད་ཅི་ཡིན་ཚིག་ཏུ་ཞུས་པ་ཟིན་བྲིས་རྫོགས་སོ།། བླ་མ་སྣར་ཐང་པ་བརྒྱད་པ་བྱོན་པ་དེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་ལ་གནང་སྟེ་ཡི་གེར་བྲིས་པའོ།། ཞུས་དག་པར་བྱས་སོ།། དམ་པས་བསྔགས་པའི་གནས་མཆོག་སྣར་ཐང་དུ་བྲིས་ཤིང་ཞུས་སོ།། །།