2023 Kathmandu Buddha-Nature Conference

From Buddha-Nature
Revision as of 04:55, 12 April 2023 by KPhuntsho (talk | contribs)

བདེ་གཤེགས་སྙིང་པོའི་ཆོས་འཁོར།
The Buddha-Nature Conference
1-3 June 2023 · 8:30 Kathmandu Time
Join us on Zoom by signing up here Sign Up Here for access to the event via Zoom. Space is limited!
Join us on Facebook without signing up! Join us live on Facebook. Space is NOT limited.

Description & Participants

The Buddha-Nature Conference
1-3 June 2023 · 8:30 Kathmandu Time

བོད་བརྒྱུད་ནང་བསྟན་ཆོས་ལུགས་རིས་མེད་ཀྱི་བདེ་གཤེགས་སྙིང་པོའི་དགོངས་བཞེད་དང་ཉམས་བཞེས་སྐོར་བགྲོ་གླེང་།
2023 Banner -5 - Gold text.jpg

June 1-3, 2023

༈ ཙཱ་འདྲ་ཚོགས་པའི་བདེ་གཤེགས་སྙིང་པོའི་ཆོས་མཛོད་ཆེན་མོའི་ལས་འགུལ་དང་འབྲེལ་ཏེ། གཞི་ཁམས་བདེ་གཤེགས་སྙིང་པོའི་སྐོར་ཉིན་གསུམ་གྱི་རིང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་རིས་མེད་ཀྱི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་གདན་འདྲེན་ཞུས་ཏེ་ཆོས་བརྒྱུད་སོ་སོའི་བདེ་གཤེགས་སྙིང་པོའི་དགོངས་བཞེད་ཕྱག་བཞེས་གཞུང་ལུགས་སོགས་ཀྱི་སྐོར་བགྲོ་གླེང་འཚོག་རྒྱུ་ཡིན་ཞིང་། དེ་ཡང་ཞེ་ཆེན་དགོན་པར་བོད་སྐད་ཐོག་གནང་རྒྱུ་དང་། དྲྭ་ལམ་བརྒྱུད་ནས་ཐད་གཏོང་བྱ་འཆར་དང་། གློག་བརྙན་ཐོག་ཕབ་བཟུང་དང་ཕྱིས་ནས་དབྱིན་སྐད་དུ་འགྱུར་རྒྱུ་དང་། མཁས་དབང་མཁན་སློབ་དགེ་བཤེས་ཉི་ཤུ་ལྷག་ཙམ་ཕེབས་ནས་ ཉིན་གྲངས་གསུམ་གྱི་རིང་སྔ་དྲོ་ཆུ་ཚོད་ ༨་༣༠ ནས་ ཕྱི་དྲོ་ཆུ་ཚོད་ ༦ བར་ ཆོས་གླེང་གནང་རྩིས་ཡིན་པས། ཁྱད་དུ་འཕགས་པའི་ཆོས་འཁོར་བགྲོ་གླེང་འདིར་ཕེབས་འདོད་ཡོད་ན་ཁ་བྱང་འདི་ལ་ཐོ་བཀོད་གནང་བར་ཞུ། རྒྱས་པར་དྲྭ་ངོས་འདི་ལ་གཟིགས་པར་ཞུ།

Tsadra Foundation will host a three-day symposium for scholars and monastics of Tibetan Buddhist traditions at Shechen Monastery in Kathmandu, June 1-3. This special event will bring together representatives of different Tibetan Buddhist traditions to share their views on buddha-nature and related texts, theories, and practices. As of today we have 18 speakers from across the Himalayas, including representatives from different Geluk, Nyingma, Kagyu, and Sakya institutes, as well Jonang.

The event will be hosted at Shechen Monastery, entirely in the Tibetan language. We will record each presentation and hope to provide some translation into English in the future, but the majority of the content will be in the Tibetan language. If you are living or studying in Kathmandu, or are traveling through, please feel free to attend! But do register here so we can estimate tea and lunch.

Sessions will also be live-streamed on Zoom.

Sessions will start at 8:30 AM Kathmandu Local Time at the main hall at Shechen.

Further Details

ངོ་སྤྲོད།
གཞི་ཁམས་བདེ་གཤེགས་སྙིང་པོ་ནི། ཐེག་པ་ཆེན་པོའི་ཆོས་ལུགས་ཀུན་ལ་ཡོངས་སུ་གྲགས་ཤིང་། མདོ་རྒྱུད་བསྟན་བཅོས་མང་པོའི་བརྗོད་བྱ་དང་། ལྟ་གྲུབ་དང་ཉམས་བཞེས་ཕལ་ཆེ་བའི་གནད་འགག་ལགས་པས། ཙཱ་འདྲ་ཚོགས་པས་འགོ་འདྲེན་ཞུས་ཏེ། དྲྭ་རྒྱའི་ཐོག་བདེ་གཤེགས་སྙིང་པོའི་ཆོས་མཛོད་ཆེན་མོ་གསར་བསྐྲུན་བྱས་ཡོད་ཅིང་། དེའི་ལྷན་ཐབས་སུ་ཆོས་ཚུལ་འདི་ལ་གསན་རྒྱ་ཆེ་བའི་རྒྱལ་སྤྱིའི་མཁས་དབང་དང་། སྒོམ་སྒྲུབ་མཛད་པའི་ཉམས་བཞེས་པ་རྣམས་གདན་འདྲེན་ཞུས་ཏེ། དབྱིན་སྐད་ཐོག་བདེ་གཤེགས་སྙིང་པོའི་སྐོར་གྲོས་མོལ་ཞུས་དང་ཞུ་བཞིན་པ་ཡིན། ད་ལམ་ བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་རིས་མེད་ནས་བདེ་གཤེགས་སྙིང་པོའི་སྐོར་མཁྱེན་རྒྱ་དང་ཉམས་མྱོང་ཁྱད་དུ་འཕགས་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་གདན་འདྲེན་ཞུས་ཏེ། བདེ་གཤེགས་སྙིང་པོའི་སྐོར་གྱི་ལྟ་གྲུབ་དགོངས་བཞེད་དང་། ཉམས་ལེན་ཕྱག་བཞེས་ཀྱི་ཐོག་ཏུ་བགྲོ་གླེང་གནང་རྒྱུ་དང་། ཚོགས་བཤད་བགྲོ་གླེང་དྲྭ་ཐོག་ཐད་གཏོང་དང་། གློག་བརྙན་ཐོག་ཕབ་བཟུང་ཞུས་ཏེ། རྒྱ་ཆེའི་གཟིགས་པ་པོ་རྣམས་ལ་དར་སྤེལ་བྱས་ཏེ། སྙིང་པོའི་ཆོས་ཚུལ་འཛམ་གླིང་མཐའ་གྲུ་ཀུན་ཏུ་ཁྱབ་པའི་རེ་སྨོན་ལགས།།

INTRODUCTION
Buddha-nature is a common theme among all Mahāyāna Buddhist traditions, a topic discussed in many sūtras, tantras and treatises, and at the core of many philosophical theories and spiritual practices. Given this significance, the Tsadra Foundation has created a web resource on buddha-nature and continues to hold conversations on this topic with international scholars and practitioners in English.

The Buddha-Nature conference in Kathmandu brings together monastic scholars and masters from different Tibetan Buddhist traditions to discuss the topic, its philosophical theories, practices and related texts. We hope to broadcast the proceedings on Zoom and Facebook and also make recordings available to a wider audience, and thereby help spread the message of buddha-nature across the world.

ཆོས་གླེང་གནང་ས། Venue
བལ་ཡུལ་རྒྱལ་ས་ཀཐ་མན་ཌུ་ མཆོད་སྡོང་ཆེན་པོ་བྱ་རུང་ཁ་ཤོར་གྱི་འགྲམ་ ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ལྷ་ཁང་ཆེན་པོ།
Main Temple, Shechen Monastery, Bouddhanath, Kathmandu

ཆོས་གླེང་གནང་དུས། Date and Time
གནམ་ཆུ་མོ་ཡོས་ལོ་ ཟླ་ ༤ པའི་ཚེས་ ༡༢ ནས་ ༡༤ བར། སྤྱི་ལོ་ ༢༠༢༣ པའི་ཟླ་ ༦ པའི་ཚེས་ ༡ ནས་ ༣ བར།
1-3 June, 2023, 12, 13 and 14th of the 4th Tibetan Month.

ཆོས་གླེང་གནང་ཚུལ། Conference Format
བརྗོད་དོན་ཟབ་རྒྱས་ལྡན་ཞིང་། རྗོད་བྱེད་མཁས་པའི་ཤེས་ཚད་ཀྱི་སྒོ་ནས། ཉན་པ་པོ་ཆོས་དང་རིག་པ་དོན་དུ་གཉེར་བའི་ཤེས་ཡོན་ཅན་རྣམས་ལ་དམིགས་ཏེ། བོད་སྐད་ཀྱི་ཐོག་ཏུ་གནང་རྒྱུ།
སྐར་མ་ ༢༠ ནས་ ༣༠ བར་ཐོག་མར་གསུང་བཤད་པས་ལྟ་དགོངས་གསུང་རྒྱུ།
སྐར་མ་ ༢༠ ནས་ ༣༠ བར་དྲི་ལན་ གྲོས་སྡུར་དང་ དགག་སྤོང་གནང་རྒྱུ།
The discussions will be in Tibetan covering vast and profound topics but aimed at an educated audience and dharma students. The speakers shall allocate 20-30 minutes for the presentation and the rest for discussion moderated by a moderator.

ཆོས་གླེང་གསུང་བཤད་པ། Presenters

༼གསང་སྔགས་རྙིང་མ་པ། Nyingma Tradition༽

མཁན་པོ་ཚེ་དབང་བསོད་ནམས། འབྲུག་ཐར་པ་གླིང་།
Khenpo Tshewang Sonam, Tharpaling Monastery

སློབ་དཔོན་བསྟན་པ་ཚེ་རིང་། རྣམ་གྲོལ་གླིང་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས།
Lopen Tenpa Tshering, Namdrolling Ngagyur Nyingma Institute

སློབ་དཔོན་ཚུལ་ཁྲིམས་ནོར་བུ། རྣམ་གྲོལ་གླིང་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས།
Lopen Tsultrim Norbu, Namdrolling Ngagyur Nyingma Institute

མཁན་པོ་ངག་དབང་བློ་གྲོས། ཨོ་རྒྱན་སྨིན་གྲོལ་གླིང་།
Khenpo Ngawang Lodoe, Mindrolling

༼བཀའ་གདམས་རྙིང་མའི་སྐོར་། Old Kadam Tradition༽
དགེ་བཤེས་སྐལ་བཟང་བསྟན་སྐྱོང་། སེ་ར་བྱེས།
Geshe Kalsang Tenchung, Sera Je Monastery

༼དཔལ་ལྡན་ས་སྐྱ་པ། Sakya Tradition༽

མཁན་པོ་ངག་དབང་ཐོགས་མེད། དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།
Khenpo Ngawang Thokme, Central Institute of Higher Tibetan Studies

མཁན་པོ་གྲགས་པ་སེང་གེ དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།
Khenpo Dakpa Senge, Central Institute of Higher Tibetan Studies

མཁན་པོ་ངག་དབང་འབྱོར་ལྡན། རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་།
Khenpo Ngawang Jorden, International Buddhist Academy

༼མཉམ་མེད་བཀའ་བརྒྱུད་པ། Kagyu Tradition༽

མཁན་པོ་ཤེས་རབ་ཕུན་ཚོགས། ཁྲ་འགུ་བཀྲ་ཤིས་ཡང་རྩེ་དགོན་པ།
Khenpo Sherab Phuntsho, Thrangu Tashi Yangtse Monastery

མཁན་པོ་ལྷག་པ་ཡེ་ཤེས། བན་ཆེན་ནང་བསྟན་ཐོས་བསམ་གླིང་།
Khenpo Lhakpa Yeshi, Benchen Nangten Thösam Ling Shedra

མཁན་པོ་ཟླ་བ་ཚེ་རིང་། འབྲི་གུང་བཀའ་བརྒྱུད་བྱང་ཆུབ་གླིང་།
Dawa Tsering, Drikung Kagyu Institute

སློབ་དཔོན་དམ་ཆོས་རྡོ་རྗེ། རྟ་མགོ་རྡོར་གདན་བཀྲ་ཤིས་ཐང་ནང་དོན་རིག་པའི་གཙུག་ལག་སློབ་གྲྭ།
Lopen Damcho Dorji, Tago Dorden Tashithang Buddhist University

༼དཔལ་ལྡན་ཇོ་ནང་པ། Jonang Tradition༽
མཁན་པོ་དྲི་མེད་འོད་ཟེར། ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་།
Khenpo Drime Ozer, Jonang Monastery, Parphing

སློབ་དཔོན་ཟླ་བ་བཟང་པོ་། ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་།
Lopen Dawa Zangpo, Jonang Monastery, Parphing

༼ཪི་བོ་དགེ་ལྡན་པ། Geluk Tradition༽
དགེ་བཤེས་ལྷ་རམས་པ་འཇིགས་མེད་རྒྱ་མཚོ། འབྲས་སྤུངས་སྒོ་མང་།
Geshe Jigme Gyatso, Drepung Gomang Monastery

དགེ་བཤེས་ལྷ་རམས་པ་ངག་དབང་སྟོབས་ལྡན། སེ་ར་བྱེས།
Geshe Ngawang Topden, Sera Je Monastery

དགེ་བཤེས་ལྷ་རམས་པ་ངག་དབང་མཚན་བཟང་། དགའ་ལྡན་ཤར་རྩེ།
Geshe Ngawang Tsesang Ganden Shartse Monastery

དགེ་བཤེས་་ལྷ་རམས་པ་བློ་བཟང་རྒྱ་མཚོ། རྒྱུད་སྨད།
Geshe Lobsang Gyaso, Gyume Monastery

ཆོས་གླེང་གསན་མཁན། Attendants and Participants
ཆོས་གླེང་གི་གྲལ་དུ་ཕེབས་པའི་མཁན་སློབ་མཁས་དབང་རྣམ་པ་དང་། ས་གནས་དེ་གར་བཞུགས་པའི་ཞེ་ཆེན་བཤད་གྲྭས་གཙོས་པའི་འབྲེལ་ཡོད་བཤད་གྲྭ་བ་དང་སློབ་གཉེར་བ་རྣམས། དེ་བཞིན་ Zoom དང་ Facebook ཐོག་དྲྭ་རྒྱར་ཐད་གཏོང་སྒོ་ནས་གསན་གཟིགས་གནང་མཁན་རྣམ་པ། སྐུ་དངོས་ཕེབས་མཁན་རྣམ་པར་ཉིན་དགུང་གསོལ་ཚིགས་འབུལ་འཆར་ཡིན་པས་འགོ་སྒྲིག་པ་ལ་འབྲེལ་བ་གནང་རོགས། Registration

Learned presenters, moderators, other scholars and students from Shechen Shedra and other monastic colleges in and around Kathmandu will attend. We hope to broadcast it live via Zoom and Facebook. As those attending in person will be served lunch, we request that you register online here: Registration

ཆོས་གླེང་གོ་སྒྲིག་པ། Organizing Team
ཙཱ་འདྲ་ཚོགས་པའི་ ཀརྨ་ཕུན་ཚོགས། མར་ཀས་པེར་མན། གྭན་ཝིཊ་དོ་རིང།
མཁན་པོ་འགྱུར་མེད་ཚུལ་ཁྲིམས། ཞེ་ཆེན་དགོན་པའི་སྤྱི་ཁྱབ་འགན་འཛིན།
མཁན་པོ་ཉི་མ་སེང་གེ ཞེ་ཆེན་བཤད་གྲྭའི་འགན་འཛིན།
སློབ་དཔོན་ཀརྨ། ཞེ་ཆེན་ཞིབ་འཇུག་སྡེ་ཚན།
Karma Phuntsho, Convenor, Tsadra Foundation
Marcus Perman, Executive Director, Tsadra Foundation
Gwen Witt-Dorring, Office Manager, Tsadra Foundation
Khenpo Gyurme Tsultrim, Director General, Shechen Monastery
Khenpo Nyima Senge, Principal, Shechen Shedra
Lopen Karma, Shechen Research Division.

"1-3 June 2023" contains more than three components required for a date interpretation.